བོད་རང་བཙན་སློབ་ཕྲུག་ཚོགས་པས་དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུས་སོང་།

ཟླ་༦ པའི་ཚེས་༤ ཉིན་དྷ་ས་མེག་གྷན་དུ་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པས། ཕྱི་ལོ་ ༡༩༨༩ ལོའི་ཟླ་ ༦ ཚེས་ ༤ ཉིན་རྒྱ་ནག་གིས་རྒྱལ་ས་པེ་ཅིན་དུ་མང་གཙོ་དོན་གཉེར་བའི་སློབ་ཕྲུག་སྟོང་ཕྲག་མང་པོ་དམར་གསོད་བཏང་བའི་དྲུག་བཞིའི་དོན་རྐྱེན་གྱི་ཉིན་མོ་སྲུང་བརྩི་ཞུས་པ་དང་སྦྲགས། ད་ལྟའི་ཆར་རྒྱལ་སྤྱིའི་ནང་རྒྱ་ནག་ལ་ལྟ་ལྟངས་ཡག་པོ་མེད་པའི་སྐབས་དེར། བོད་མི་ཚོས་གོ་སྐབས་དམ་འཛིན་གྱིས་བོད་དོན་ལས་འགུལ་གང་མང་དང་ཤུགས་ཆེན་པོ་སྤེལ་ཐབས་བྱེད་དགོས་སྐོར་འགན་འཛིན་རིན་འཛིན་ཆོས་སྒྲོན་གྱིས་གསུངས་སོང་།

དེ་བཞིན་ཐེངས་འདིའི་ལས་འགུལ་གྱི་དམིགས་ཡུལ་ནི། གནམ་སྡེ་སྒོ་མོ་ཆེ་ཡི་དོན་རྐྱེན་ཁྲོད་ནས་ཚེ་སྲོག་ཤོར་བའི་རྒྱ་རིགས་སློབ་མ་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་། དེ་བཞིན་རྒྱ་ནག་གི་མང་གཙོ་དོན་གཉེར་བ་རྣམས་ལ་རྒྱབ་སྐྱོར་མཚོན་ཕྱིར་དུས་དྲན་སྲུང་བརྩི་ཞུ་ཡི་ཡོད་སྐོར་གསུངས་སོང་།།

 

གསར་འགོད་པ་སྐལ་བཟང་དོན་གྲུབ།