བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་གསར་པ་བསྐོ་བཞག

ཟླ་འདིའི་ཚེས་༢༩ ཉིན་གྱི་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་འདིའི་ཚེས་༢༨ ཉིན་རྒྱ་ནག་དམར་ཤོག་ཚོགས་པས། དེ་སྔོན་བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པ་ཝུའུ་དབྱིང་ཅེ་དྲུང་ཆེ་ལ་བསྐོ་བཞག་བྱས་འདུག་པ་དང་། དྲུང་ཆེ་རྙིང་པ་ཁྲེན་ཆོན་གོ་ཡུ་གུར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་བཞག་བྱས་ཡོད་འདུག

WU_YINGJIE_2076098fཝུའི་དབྱིང་ཅེ་Wu Yingjie ནི་རང་ལོ་༥༩ ཡིན་འདུག་པ་དང་། ཕྱི་ལོ་༡༩༧༤ ནས་བོད་རང་སྐྱོང་ལྗོངས་ཁུལ་དུ་ལས་རིགས་འདྲ་མིན་ལ་ཞུགས་འདུག་པ་དང་། ཕྱི་ལོ་༡༩༧༨ ལོར་དམར་ཤོག་ཚོགས་པར་ཞུགས། ཕྱི་ལོ་༢༠༡༡ ལོ་ནས་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པའི་ལས་ཀ་བྱས་ཡོད་འདུག

ཆབ་སྲིད་དཔྱད་བརྗོད་པ་ཚོས་ལོ་རྗེས་མའི་དམར་ཤོག་ཚོགས་པའི་ཚོགས་ཆེན་སྔོན་དུ། སྲིད་འཛིན་ཞི་ཅིན་ཕིང་གིས་རང་ཉིད་ཀྱི་མཐུན་ཕྱོགས་གང་མང་ས་གནས་ཆེ་ཁག་དང་། དབུས་དམར་ཤོག་ཚོགས་པའི་ལས་གནས་མཐོ་བ་ཁག་ལ་བསྐོ་བཞག་བྱེད་ཀྱི་ཡོད་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།