བོད་ཨ་མདོ་རྔ་པ་རུ་གྲྭ་པ་ཞིག་གི་རྒྱ་གཞུང་ལ་ངོ་རྒོལ།
ལྷ་ཚེ་བསོད་ནམས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་འདིའི་ཚེས་༢ ཉིན་གྱི་ཕྱི་དྲོ་བོད་ནང་གི་ཆུ་ཚོད་ཆུ་ཚོད་༣ པ་ཙམ་ལ་ཨ་མདོ་རྔ་བ་པ་རྫོང་གི་དཔའ་བོའི་སྲང་ལམ་དུ་གྲྭ་ཐུབ་བསྟུན་གྱིས་༧གོང་ས་མཆོག་གི་སྐུ་པར་ཞིག་འཕྱར་ནས། རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་རྒྱག་སྐབས་རྒྱ་ནག་གིས་ཉེན་རྟོག་པས་འཇུས་ཡོད་འདུག
གྲྭ་ཐུབ་བསྟན་ཀིརྟི་དགོན་པ་ནས་ཡིན་པ་དང་། སྲང་ལམ་དུ་ངོ་རྒོལ་བྱེད་བཞིན་པའི་བརྙན་པར་སྤྱི་ཚོགས་འབྲེལ་མཐུད་དྲ་གནས་ཁག་ཏུ་སླེབས་ཡོད་པ་རེད། ཁོ་གི་ཕ་ཡུལ་རྔ་པ་རྨེ་རུ་མ་རུ་ཆེན་གཉིས་པ་ནས་ཡིན་འདུག
གསར་འགོད་པ་ཆོས་ཉིད་འོད་ཟེར།
༡ བརྙན་འཕྲིན་
༢ བརྙན་འཕྲིན་