བྱང་ཀོ་རི་ཡར་ཆུ་ལོག་གི་གོད་ཆག
ཨེ་ཤི་ཡའི་དམར་ཤོག་རྒྱལ་ཁབ་བྱང་ཀོ་རི་ཡར་ཆུ་ལོག་ཤུགས་ཆེན་བརྒྱབ་ནས། མིའི་ཚེ་སྲོག་དང་ཞིང་ཁ་སོགས་ལ་གོད་ཆག་ཆེན་པོ་བྱུང་ཡོད་འདུག
ཟླ་འདིའི་ཚེས་༡༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ། རྒྱ་མཚོའི་རླུང་འཚུབ་ཀྱི་རྐྱེན་པས་བྱང་ཀོ་རི་ཡར་ཆུ་ལོག་ཤུགས་ཆེན་བརྒྱབ་ནས། མི་༡༣༣ ཤི་བ་དང་མི་༤༠༠ ལྷག་བོར་བརླག་ཕྱིན་ཡོད་པ་མ་ཟད། ཁང་པ་དང་ཞིང་ཁ་མང་པོར་གཏོར་སྐྱོན་ཚབ་ཆེན་ཕོགས་ཡོད་འདུག
བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་དང་ཚོད་ལྟ་ཐེངས་མང་བྱས་རྐྱེན། རྒྱལ་སྤྱིའི་ཐོག་ནས་དཔལ་འབྱོར་གྱི་ཉེས་ཆད་མང་པོ་བཏང་ཡོད་པས། རྒྱལ་ཁབ་དེའི་མི་མང་ལ་ཁ་ལག་སོགས་མི་འདང་བའི་དཀའ་ངལ་ཡོད་པས། རྒྱལ་སྤྱིའི་རོགས་ཚོགས་ལ་བརྟེན་མཁན་མང་པོ་ཡོད་དང་། ཆུ་ལོག་གི་གནོད་སྐྱོན་གྱིས་མི་མང་ལ་དཀའ་ངལ་ཆེ་རུ་འགྲོ་ཉེན་ཡོད་འདུག
བྱང་ཀོ་རི་ཡར་རྒྱ་གྲམ་དམར་པོའི་འགོ་ཁྲིད་སྐུ་ཞབས་ཁེ་རཱི་སིས་ཆུ་ལོག་གི་ལམ་དུ་ཡོད་པའི་སྡོད་ཁང་དང་ཞིང་ཁ་སོགས་རྩ་མེད་བཟོས་ཡོད་པ་དང་། མི་མང་ལ་འཕྲོད་བསྟེན་གྱི་གོད་ཆག་ཡོང་སྲིད་སྐོར་བརྗོད་འདུག ས་གནས་ཁུག་ཀྱོག་ཁ་ཤས་ཀྱི་འགྲོ་ལམ་འགག་ཡོད་པས། ཉེན་སྐྱོབ་རུ་ཁག་དེ་དག་ལ་སླེབས་ཐབས་བྱེད་བཞིན་ཡོད་འདུག
བྱང་ཀོ་རི་ཡའི་གཞུང་འབྲེལ་བརྒྱུད་ལམ་གྱིས་མི་མང་རྣམས་སྡུག་བསྔལ་མྱངས་བཞིན་ཡོད་སྐོར་བརྗོད་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།