བྱང་ཀོ་རི་ཡས་ཨ་རིའི་སློབ་མ་ཞིག་འཇུ་བཟུང་།
ཨ་རིའི་སློབ་ཕྲུག་ཅིག་གིས་བྱང་ཀོ་རི་ཡའི་རྒྱལ་ཁོངས་སུ་བྱང་ཀོ་རི་ཡར་ངོ་རྒོལ་དང་དགྲ་འཛིན་གྱི་བྱ་སྤྱོད་སྤེལ་ཡོད་པའི་བསྙོན་འཛུགས་ཀྱིས་འཇུ་བཟུང་བྱས་འདུག
ཕྱི་ཟླ་༡ ཚེས་༢༢ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། བྱང་ཀོ་རི་ཡའི་རྒྱལ་ཁོངས་སུ་འཇུ་བཟུང་བྱས་པའི་སློབ་མ་དེས་ཨ་རིའི་ཝར་རྗི་ནི་ཡ་སློབ་གྲྭ་ཆེན་མོའི་ནང་སློབ་སྦྱོང་བྱེད་བཞིན་ཡོད་ཅིང་། བྱང་ཀོ་རི་ཡའི་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་སློབ་ཕྲུག་དེ་ལྗོངས་རྒྱུ་ཡི་མིང་ཐོག་ནས་བྱང་ཀོ་རི་ཡར་སླེབས་ཏེ་དགྲ་འཛིན་གྱི་ལས་འགུལ་སྤེལ་བཞིན་པའི་སྐབས་འཇུ་བཟུང་བྱས་པ་དང་། ཨ་རིའི་གཞུང་གིས་“རྒྱ་ཡན་དང་རྒྱུད་སྐུལ་”བྱས་པ་ཞིག་ཡིན་པའི་སྐྱོན་འཛུགས་བྱས་འདུག
ལྷོ་ཀོ་རི་ཡར་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གིས་བརྒྱུད་ལམ་ཁག་ཏུ་སློབ་ཕྲུག་དེ་བྱང་ཀོ་རི་ཡས་འཇུ་བཟུང་བྱས་ཟིན་པའི་གནས་ཚུལ་བདེན་པ་ཡིན་ར་སྤྲོད་བྱས་ཡོད་པ་དང་། ཐེངས་འདིར་ཨ་རིའི་སློབ་ཕྲུག་འཇུ་བཟུང་བྱས་པ་དེ་བྱང་ཀོ་རི་ཡས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་མི་སེར་འཇུ་བཟུང་བྱས་པ་ཐེངས་གསུམ་པ་ཡིན་འདུག་ལ། དེ་སྔར་ཁ་ན་ཌའི་ཞིང་ལས་དགེ་རྒན་ཞིག་དང་ལྷོ་ཀོ་རི་ཡའི་རིགས་རྒྱུད་པའི་ཨ་རིའི་མི་སེར་གཉིས་འཇུ་བཟུང་བྱས་མྱོང་ཡོད་པ་རེད།།
ཏྲེ་ཧོར་ཐུབ་བསྟན་གྱིས་སྒྱུར་སྒྲིག་བྱས།