མ་སུ་རི་བོད་ཁྱིམ་དུ་༧རྒྱལ་བའི་གྱ་སྟོན་སྲུང་བརྩི་ཞུས་ཡོད་པ་རེད།
ཟླ་འདིའི་ཚེས་༢ ནས་༤ བར་རྒྱ་གར་ལྡེ་ར་རྡུན་དུ་རྟེན་གཞི་བྱས་པའི་མ་སུ་རི་བོད་ཕྲུག་ཁྱིམ་སྡེ་རུ་ྋགོང་ས་མཆོག་གི་སྐུའི་གྱ་སྟོན་སྲུང་བརྩི་ཞུས་པ་དང་། སྐབས་དེའི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་སྲིད་སྐྱོང་བློ་བཟང་སེང་གེ་ཕེབས་ཡོད་པ་རེད།
དེ་ཡང་འབྲེལ་ཡོད་ཀྱིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། ཟླ་འདིའི་ཚེས་༢ ཉིན་གྱི་སྔ་དྲོ་བོད་ཁྱིམ་ཚེ་རིང་སྒྲོལ་མ་ཚོཌ་ཁང་དུ་སྐུའི་གྱ་སྟོན་གྱི་མཛད་སྒོ་འཚོགས་པ་དང་། བོད་རྒྱ་གཉིས་ཀྱི་རྒྱལ་གླུ་དང༌། བོད་ཁྱིམ་དྲུང་ལས་ནས་གྱ་སྟོན་ཞུ་དགོས་པའི་རྒྱུ་མཚན་དང་བོད་ཁྱིམ་གྱི་ལས་བསྡོམས་སྙིང་བསྡུས་ཞིག་ངོ་སྤྲོད་ཞུས་རྗེས་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེས་སློབ་ཕྲུག་དང་དགེ་ལས་མང་ཚོགས་བཅས་པར་གསུང་བཤད་གནང་སྐབས། དགེ་ལས་ཚོའི་ངོས་ནས་སློབ་འཁྲིད་སྤུས་དག་ཞིག་གནང་མ་ཐུབ་ན་མི་རིགས་ལ་གྱོང་ཆེན་པོ་ཡིན་པ་དང༌། སློབ་ཕྲུག་ཚོའི་ངོས་ནས་ཀྱང་སློབ་སྦྱོང་ཐོག་འབད་བརྩོན་ཧུར་བསྐྱེད་གནང་སྟེ་མཛམ་གླིང་སྡིངས་ཆ་འདྲ་མིན་ཐོག་བོད་དོན་གླེང་ཐུབ་པ་བྱེད་རྒྱུར་ད་ལྟ་ནས་ཤེས་ཡོན་ཐོག་འབད་བརྩོན་བྱེད་དགོས་པ་དང༌། ཕ་མ་ཚོའི་ངོས་ནས་ཀྱང་ཕྲུ་གུ་སློབ་གྲྭར་བསྐྱལ་ཏེ་ཕྲུ་གུའི་སློབ་སྦྱོང་དང་སྤྱོད་ལམ་སློབ་གྲྭ་ཁོ་ནར་འགན་དཀྲི་གནང་རྒྱུ་མེད་པར་ཕ་མའི་ངོས་ནས་དུས་ནས་དུས་སུ་ཕྲུ་གུའི་སློབ་སྦྱོང་དང་སྤྱོད་ལམ་སོགས་ལ་དོ་སྣང་གནང་དགོས་ལུགས་ལམ་སྟོན་གྱི་གསུང་བཤད་གནང།
དེ་རྗེས་རྒྱལ་བའི་སྐུ་པར་འགྲེམས་སྟོན་གྱི་དབུ་འབྱེད་དང་ཐུཌ་ཞིབ་གནང་བ་དང༌། སློབ་གྲྭ་ནང་ཁུལ་གྱི་སློབ་ཕྲུག་ཚོས་རྒྱལ་བའི་མཛད་འཕྲིན་དྲན་པའི་གཏམ་བཤད་དབྱིན་བོད་གཉིས་ཐོག་ནས་གནང་སྟེ་འགྲན་བསྡུར་བྱས་ཡོད་པ་རེད།
ཉིན་རྒྱབ་སློབ་གྲྭ་ཁག་གི་ལག་རྩེད་སྤོ་ལོའི་འགྲན་བསྡུར་གནང་བ་དང་ཕྱི་དྲོའི་ཆུ་ཚོད་ ༣ པའི་ཐོག་མ་སུ་རི་བོད་ཁྱིམ་གྱི་ཁང་ཚན་ནང་ཁུལ་རིག་གཞུང་འཁྲབ་སྟོན་འགྲན་སྡུར་གནང་། ཕྱི་དྲོའི་ཕྱག་ཚོད་ ༤ པ་ནས་སློབ་གྲྭ་ནང་ཁུལ་བོད་ཀྱི་རིག་གཞུང་གཞས་སྣ་འགྲན་བསྡུར་གནང་བ་དང༌། ཚེས་ ༤ ཉིན་སི་སྤོལ་མཐའ་མའི་འགྲན་བསྡུར་ཞུས་རྗེས་མཇུག་བསྡུའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཨུ་ཏརཱ་ཁཱན་ཌི་མངའ་སྡེའི་རྩེད་རིཌ་དང་ནཌ་ལས་ཁྲིམས་བཅས་ཀྱི་བློན་ཆེན་དྷི་ནི་ཤཱི་ཨཱ་གྷར་ཝལ་ཕེབས་ཏེ། གཟེངས་རྟཌ་ཁག་འབུལ་གནང་མཛད་པ་དང༌། ཁོང་ནས་བོད་དང་རྒྱ་གར་ནི་ལོ་རྒྱུས་ཐོག་ནས་འབྲེལ་བ་ཤིན་ཏུ་ཟབ་པ་ཞིག་ཡིན་པས་རྒྱ་གར་གཞུང་ནས་ག་དུས་ཡིན་ཡང་ཁྱེད་རང་ཚོ་དང་མཉམ་དུ་ཡོད་མུས་ཡིན་སྐོར་གྱི་གསུང་བཤད་གནང་། ད་ཐེངས་ཀྱི་གྱ་སྟོན་མཛད་སྒོར་སློབ་གྲྭ་ཁག་བཅུ་ནས་བསྡོམས་སློབ་ཕྲུག་༣༠༠ ཙམ་བསྡུ་འཛོམས་ཀྱི་འགྲན་བསྡུར་ཁག་ལེཌ་པར་གྲུབ་རྗེས་ཚེས་ ༤ ཉིན་རྩེད་འགྲན་པ་རྣམས་ལ་ཉིན་གུང་གསོལ་སྟོན་ཟབ་རྒྱས་ཞིག་ཕུལ་ཏེ་ཉིན་གསུམ་གྱི་གྱ་སྟོན་རྒྱལ་ཁའི་ངང་མཇུག་བསྡུས་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས།