མཁལ་མ་ཞིག་གནང་དང་སྤུན་ཟླ་ཚོ།

གཞན་ཕན་ལ་ལྷག་བསམ་དུང་ལྟར་བའི་རྒྱ་ཆེ་བའི་བོད་རིགས་སྤུན་ཟླ་རྣམས་ཀྱི་སྙན་ལམ་དུ་གུས་མོས་ཞུ་གསོལ།

ལོ་བདུན་གྱི་ཡར་སྔོན་ལ་གུས་མོའི་བུ་བསྟན་འཛིན་ཆོས་བཟང་ན་ཚ་ཞིག་གིས་རྐྱེན་ པས་ཡུན་རིང་སྨན་ཁང་དུ་ལུས་མ་ཟད་མཁལ་མ་གཉིས་ཆ་ཕན་མེད་ཆགས་པས་དབུས་བོད་ཁྱིམ་ སློབ་གྲྭ་དང་སྒེར་སུ་གོ་པལ་པུར་སློབ་གྲྭས་བཅོས་མ་མ་ཡིན་པའི་རོགས་སྐྱོང་ཚད་ མེད་གནང་བའི་ཐོག་མཁལ་མ་འཚོལ་བསྒྲུབས་གནང་ན་ཡང་།     དམིགས་གསལ་མཁལ་མ་སྦྱིན་པ་གནང་མཁན་དང་བཙལ་མ་ཐུབ་པས་གཞ ི་བཞུགས་ཨ་མར་དབྱངས་འཛོམས་མཆོག་ལ་འབྲེལ་བ་མ་བྱེད་དཀའ་མེད་བྱུང་བ་ལྟར་དེ་ ལུགས་བོད་ནས་ཨ་མ་འཕྲལ་དུ་རྒྱ་གར་ལ་ཕེབས་ནས་རང་ཉིད་ཀྱི་མཁལ་མ་བུ་བསྟན་འཛིན་ ཆོས་བཟང་ལ་གནང་ནས་བརྗེ་བཟོ་དང་ལེགས་བཅོས་བྱས། དེ་ནས་ད་ལྟའི་བར་དུ་བདེ་སྐྱིད་ཀྱི་ཤེས་བྱའི་སྐྱེད་ཚལ་དུ་ཕྱི་ནང་གི་རིག་གནས་ དག་ལ་ལོངས་སྤྱོད་པའི་སྐལ་བཟང་གི་གོ་སྐབས་བྱུང་ཡོད་ན་ཡང་། ནད་རྙིང་བསྐྱར་བཟློས་བྱུང་བས་སླར་ཡང་མཁལ་མ་ཞིག་དགོས་པས་རྒྱ་ཆེ་བའི་བོད་ རིགས་སྤུན་ཟླ་ལ་སོར་བཅུ་འབད་མ་སྙིང་ལ་སྦྱར་ནས་གསོལ་འདེབས་དང་འབོད་སྐུལ་མ་ རྒན་ངས་མ་བྱུང་ཐབས་མེད་བྱུང་སོང་བས་དེ་ལུགས་སུ་དགོངས་བཞེད་གནང་རོགས་གནང་། ད་ལྟ་བུ་བསྟན་འཛིན་ཆོས་བཟང་འཛིན་རིམ་དྲུག་པ་དང་ལོ་གྲངས་བཅུ་བདུན་ལས་སོན་ མེད་པས་མི་ཚེའི་བརྒྱུད་རིམ་ད་ལྟ་མིག་རྒྱང་གི་མཚམས་སུ་ལྷག་ཡོད་པས་ཐུགས་རྗེ་ གཟིགས་མཁལ་མ་ཞིག་གནང་རོགས་དང་སྤུན་ཟླ་ཚོ།

ཁྱེད་རྣམས་པའི་འབྲེལ་གཏུགས་བྱ་ཡུལ་ཁ་བྱང་།
ཨ་མ་དབྱངས་འཛོམས།
House 14
TCV school gopalpur
(Tibetan sos children’s village gopalpur)
p.o chachian_176059
distt kangra   h.p   india
ཨ་མའི་ཞལ་པར་ཨང་གྲངས།   ༩༨༨༢༢༤༠༨༤༨
བུ་བསྟན་འཛིན་ཆོས་བཟང་གི་ཞལ་པར་ཨང་གྲངས།    ༩༧༨༡༧༩༣༨༠༥
ཟུངས་ཁྲག               A