མང་གཙོའི་རྒྱལ་ཁབ་འདྲ་མིན་གྱི་རྩ་ཁྲིམས་ཕྱོགས་བསྡུས།
བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་ཀྱིས་བོད་ཡིག་ཐོག་ཕྱོགས་བསྒྲིགས་བྱས་པའི་<<མང་གཙོའི་རྒྱལ་ཁབ་འདྲ་མིན་གྱི་རྩ་ཁྲིམས་ཕྱོགས་བསྡུས་>>ཞེས་པའི་དཔེ་དེབ་པར་སྐྲུན་བྱས་ཡོད་པ་དང་། ༢༠༢༠ ལོའི་ཕྱི་ཟླ་༩ ཚེས་༢༥ ཉིན་སྲིད་སྐྱོང་བློ་བཟང་སེང་གེས་དཔེ་དེབ་དེ་དབུ་འབྱེད་གནང་ཡོད་པ་རེད།
དཔེ་དེབ་དེའི་ནང་ལེ་ཚན་ཆེན་པོ་༡༥ ཡོད་པ་དང་། ༡ རྒྱལ་ཁབ་ཀྱི་ངོ་བོ། ༢ མང་གཙོའི་འབྱུང་བ། ༣ མང་གཙོའི་དམིགས་ཡུལ་དང་གོ་དོན། མང་གཙོའི་སྲིད་གཞུང་གི་རང་བཞིན། ༤ མང་གཙོའི་རྒྱལ་ཁབ་ནང་རྩ་ཁྲིམས་ཀྱི་རང་བཞིན་སྣ་ཚོགས། ༥ མང་གཙོའི་རྒྱལ་ཁབ་ཁག་གི་སྲིད་གཞུང་གི་དབང་ཆ་འཛིན་སྟངས་མི་འདྲ་བ་ཁག ༦ མང་གཙོའི་རྣམ་པ། ༧ མང་གཙོའི་ལམ་ལུགས་ཀྱི་སྲིད་གཞུང་གཙོ་བོ་གསུམ། ༨ མང་གཙོའི་ལམ་ལུགས་ནང་གི་ལྟ་གྲུབ་སྣ་ཚོགས་ཀྱི་རང་བཞིན། ༩ མང་གཙོའི་ལམ་ལུགས་ནང་སྲིད་དོན་ཚོགས་པ་སྣ་ཚོགས། ༡༠ མང་གཙོའི་ནང་གི་དབུས་གཞུང་དང་མངའ་སྡེའི་གཞུང་། ༡༡ མང་གཙོའི་ནང་རང་དབང་ཅན་གྱི་སྡེ་ཚན་གསུམ། ༡༢ མངའ་སྡེའི་ནང་གི་མང་གཙོའི་ཀ་བ་གསུམ། ༡༣ རྫོང་སྡེ་སོ་སོའི་ནང་གི་མང་གཙོའི་ཀ་བ་གསུམ། ༡༤ སྐད་ཡིག་ཚད་འཛིན་གནང་ཕྱོགས། ༡༥ རྩ་ཁྲིམས་བསྐྱར་བཅོས་གནང་ཕྱོགས་བཅས་འཁོད་ཡོད་པ་རེད།།