མོན་གྷོ་ཌི་རུ་རྐང་སྤོལ་རྩེད་འགྲན།

རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་རྩེད་རིགས་ཚོགས་ཆུང་གི་གོ་སྒྲིག་འོག ༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་དང་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་དབུ་བརྙེས་ནས་ལོ་ངོ་༥༠ འཁོར་བའི་དུས་དྲན་དང་འབྲེལ་རྐང་སྤོལ་རྩེད་འགྲན་བྱས་ཡོད་པ་རེད།

md_2016_ཟླ་འདིའི་ཚེས་༡༨ ཉིན་མཐའ་མའི་རྐང་སྤོལ་རྩེད་འགྲན་གྱི་མཛད་སྒོའི་ཐོག སྐུ་མགྲོན་གཙོ་བོ་སྤྱི་འཐུས་བློ་བཟང་ཕན་བདེ་དང་མོན་གྷོ་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་སྤྲུལ་སྐུ་འཇམ་དབྱངས་ཡོན་ཏན། མཉམ་དྲུང་ཀརྨ་དོན་གྲུབ་བཅས་ཀྱི་གཙོས་མོན་གྷོ་ས་གནས་ཀྱི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ལས་སྣེ་བ་རྣམས་དང་།  སེར་སྐྱ་མི་མང་བཅས་མཉམ་ཞུགས་བྱས་ཡོད་པ་རེད།

རྩེད་འགྲན་སྡེ་ཚན་གསུམ་ཡོད་པའི་ནང་ནས་སྐྱེས་པ་རྒན་པའི་རྩེད་འགྲན་ནང་ཨང་དང་པོ་གྲོང་སྡེ་དྲུག་པ་དང་ཨང་གཉིས་པ་གཞིས་གྲོང་གསུམ་པར་ཐོབ་པ་དང་།    དེ་ནས་བུད་མེད་རུ་ཁག་ནས་ཨང་དང་པོ་གཞིས་གྲོང་བདུན་པ་དང་ཨང་གཉིས་པ་གཞིས་གྲོང་དྲུག་པར་ཐོབ་ཡོད་པ་རེད། ཕོ་གསར་རྩེད་འགྲན་ནང་ཨང་དང་པོ་གཞིས་གྲོང་དྲུག་པ་དང་ཨང་གཉིས་པ་གཞིས་གྲོང་བཞི་པར་ཐོབ་ནས་གཟེངས་རྟགས་དང་བྱ་དགའ་གནང་ཡོད་པ་རེད།

ཐེངས་འདིའི་རྩེད་འགྲན་ནང་བུ་གཞོན་ནུའི་རུ་ཁག་བཅུ་གཅིག་དང་། ད་ལོ་དམིགས་བསལ་གོ་སྒྲིག་བྱས་པའི་རང་ལོ་སོ་ལྔ་ཡན་གྱི་རུ་ཁག་བརྒྱད་དང་།  བུ་མོ་རུ་ཁག་བཞི་མཉམ་ཞུགས་བྱས་ཡོད་པ་རེད།།ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲིས།