འཁྲིག་སྲེད་ཀྱི་འོ་སྦྱོར་ལ་བརྟེན་ནས་རྒྱ་གར་གྱི་ལུས་རྩལ་བ་ཞིག་ཨ་རིའི་བཙོན་ཁང་ནང་བཀག་ཉར།

རྒྱ་གར་གྱི་གངས་ཤུད་རྒྱུག་ཤར་ལུས་རྩལ་བ་ཞིག་གིས་ཨ་རིའི་བུ་མོ་ན་ཆུང་མ་ཞིག་ལ། འཁྲིག་སྲེད་དྲག་པོའི་སྒོ་ནས་ཁ་སྐྱེལ་ཡོད་རྐྱེན་ཨ་རིའི་བཙོན་ཁང་ནང་བཀག་ཉར་བྱས་ཡོད་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༣ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་སྔོན་མའི་ཕྱི་ཚེས་༢༧ རེས་གཟའ་ཟླ་བའི་ཉིན་རྒྱ་གར་གྱི་གངས་ཤུད་རྒྱུག་ཤར་ལུས་རྩལ་བ་ཊེན་ཝིར་ཧུ་སན་གྱིས། ཨ་རི་ནིའུ་ཡོག་གི་བུ་མོ་རང་ལོ་༡༢ ལས་མ་སོན་པ་ཞིག་ལ་ཆགས་ཤུགས་དྲག་པོ་དང་བཅས་ཁ་སྐྱེལ་ཡོད་པ་དང་། དེ་རྗེས་བུ་མོ་དེ་དང་དེའི་ཕ་མས་ཉེན་རྟོག་པར་ཞུ་གཏུག་བྱས་སྟབས། ད་ལྟ་ཁོ་པ་ནིའུ་ཡོག་སཱ་ར་ན་མཚོ་ཞེས་པའི་གྲོང་གསེབ་ཀྱི་བཙོན་ཁང་ཞིག་ནང་ཁྲིམས་ཞིབ་ཆེད་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག་ཀྱང་། ཁོ་པའི་ཁྲིམས་རྩོད་པས་ཁོ་པར་ནག་ཉེས་མེད་སྐོར་གྱི་ཁྲིམས་གཏུག་བྱས་ཡོད་འདུག

17141323_329951747406887_146142085_nའོན་ཀྱང་། ས་གནས་དེའི་ཉེན་རྟོག་པས་ལུས་རྩལ་བ་ཊེན་ཝིར་ཧུ་སན་གྱིས་འཁྲིག་སྲེད་དྲག་པོའི་སྒོ་ནས་བྱིས་པ་རང་ལོ་༡༢ ལས་མ་སོན་ཞིག་ལ་ཁ་སྐྱེལ་ནས། བྱིས་པ་དེའི་བདེ་དོན་ལ་ཉེན་ཁ་བཟོས་པའི་ནག་ཉེས་བསགས་ཡོད་སྐོར་སོགས་བརྗོད་ཡོད་འདུག

དེའི་སྐོར་ཨེ་ཕེ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གྱི་ལུས་རྩལ་བ་དེས་བཙན་ཤེད་ཀྱི་སྒོ་ནས་ཁ་སྐྱེལ་བའི་གནས་ཚུལ་མེད་ཀྱང་། ཁོ་གཉིས་བར་ལོ་ཚད་ཀྱི་ཁྱད་པར་ཤུགས་ཆེན་པོ་ཡོད་སྟབས་ཁོ་པར་ཉེས་འཛུགས་བྱུང་ཡོད་སྐོར་འདུག

ལུས་རྩལ་བ་ཁོང་གི་ནང་མིས་རྒྱ་གར་བང་ཆེན་གསར་ཁང་དུ། ཊེན་ཝིར་ཧུ་སན་འཛིན་བཟུང་བྱས་པའི་གནས་ཚུལ་ཧ་གོ་དུས་ཁོ་ཚོ་ཧང་སང་སོང་ཞེས་བརྗོད་ཡོད་འདུག

རྒྱ་གར་གྱི་གངས་ཤུད་རྒྱུག་ཤར་ལུས་རྩལ་བ་ཊེན་ཝིར་ཧུ་སན་ནི་ད་ལྟ་རང་ལོ་༢༤ ལ་སོན་ཡོད་ཅིང་། ཁོ་པ་ཕྱི་ལོ་༢༠༡༧ ལོའི་འཛམ་གླིང་གངས་ཤུད་རྒྱུག་ཤར་འགྲན་བསྡུར་ཨ་རི་ནེའུ་ཡོག་ལ་འཚོགས་ཀྱི་ཡོད་པ་དེའི་ནང་འཛུལ་ཞུགས་ཆེད་རྒྱ་གར་ནས་ཨ་རིར་བསྐྱོད་པ་ཞིག་ཡིན་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།