འགོ་ཁྲིད་ངེས་པར་སྐྱེས་པ་ཡིན་དགོས་པར་ངོས་འཛིན་བྱེད་དོན་ཅི།
གངས་དཀར་སེམས་ཀྱིས་བསྒྱུར།
གཤམ་འོག་གི་པར་རིས་འདི་དག་ནི། ནུས་ལྡན་གྱི་འགོ་འཁྲིད་ཅིག་བྲིས་ཅེས་པའི་ཚོད་ལྟ་ཐེངས་ཤིག་གི་འབྱུང་འབྲས་ཤ་སྟག་རེད། ཊི་ན་ཁཱེ་ཧྥི་Tina Kieferནི་ཨིན་ཇི་ཧཱ་ཝེ་སློབ་ཆེན་University of Warwick སྒྲིག་འཛུགས་བྱ་སྤྱོད་རིག་པའི་སློབ་དཔོན་ཆེན་མོ་ཞིག་རེད། ཨིན་ཡིག་དེ་ཙམ་མི་ཤེས་མཁན་གྱི་མཐོ་རིམ་འགོ་ཁྲིད་ཚོར་ཞིབ་འཇུག་འཛིན་གྲྭ་འཚོགས་དུས་མོས་ཚོད་ལྟ་འདི་འདྲ་ཞིག་དྲན་ཡོད་པ་རེད། དེ་རྗེས་ཚོད་ལྟ་དེ་རྒྱལ་སྤྱིའི་སྒྲིག་འཛུགས་བྱ་སྤྱོད་རིག་པའི་ཕྱོགས་ནས་ཀྱང་བེད་སྤྱོད་ཆེན་པོ་བྱས།
རྟགས་མཚན་སྐོར་བཤད་ན། ཚོད་ལྟའི་མཇུག་འབྲས་ནི་ཚང་མ་གཅིག་མཚུངས་ཡིན། ཕོ་མོ་གཉིས་ཀས་དེར་སྐྱེས་པ་བྲིས་ཡོད་པ་རེད། སྤྱི་བཏང་དེ་ནི་མཐོང་རྒྱུ་མང་པོ་མིན་ཡང་སློབ་དཔོན་ཊི་ན་ཁཱེ་ཧྥིས་Tina Kieferའཕྲིན་ཡིག་ཏུ། ཕོ་མོ་གཉིས་ཀ་མིན་མཁན་མ་ནིང་ལྟ་བུ་ཚོས་ཀྱང་མང་ཆེར་གྱིས་འགྲེམས་སྟོན་རི་མོ་དེ་འབྲི་སྐབས་སྐྱེས་པ་ཞེས་པའི་ཚིག་ He བེད་སྤྱོད་པ་ལས་མ་ནིང་དང་བུད་མེད་ཀྱི་ཚིག་བེད་སྤྱོད་བྱེད་ཀྱི་མེད། ཅེས་བཤད་ཡོད། འོན་ཀྱང་རི་མོ་འབྲི་མཁན་ཚོས་རྒྱུན་གཏན་དུ་དོན་དངོས་ཐོག་ཁོ་ཚོས་ཁོ་ He ཞེས་པའི་ཚིག་དེའི་ནང་ཕོ་མོ་གཉིས་ཀ་ཚུད་ཡོད་སྐོར་བཤད་ཀྱི་ཡོད་པ་རེད།
ཚོད་ལྟ་འདི་ལྟ་བུར་ཉམས་མྱོང་ཡོད་མཁན་ཞིབ་འཇུག་མི་སྣས་འདིའི་སྐོར་མུ་མཐུད་ཞིབ་འཇུག་བྱ་རྒྱུ་གཏན་འཁེལ་བཟོས། ཀུན་སློང་གསལ་པོ་མེད་པའི་མཚན་རྟགས་གཏན་འབེབས་བཟོ་སྟངས་དེས་མི་རྣམས་འགོ་ཁྲིད་གསར་པའི་ནུས་པར་དབྱེ་ཞིབ་བྱ་བར་ཤུགས་རྐྱེན་ཐེབས་ཀྱི་ཡོད་དམ། དོ་དམ་རིག་པའི་དུས་དེབ་Academy of Management Journalཏུ་ཞིབ་འཇུག་གི་དཔྱད་པ་ཞིག་སྤེལ་བའི་ནང་ཁོ་ཚོས་བུད་མེད་མང་པོ་རྒྱུན་རིང་ཐེ་ཚོམས་སྐྱེ་བཞིན་པ་དེར་ར་སྤྲོད་བྱུང་ཡོད། བུད་མེད་ལ་མཚོན་ན་ལས་དོན་སྒྲུབ་སྐབས་སྐྱེས་པ་ལས་བུད་མེད་འགོ་ཁྲིད་ལ་ངོས་ལེན་བྱེད་ཁག་པོ་ཡོད་པར་ངོས་འཛིན་བྱེད། ཕོ་མོ་གཉིས་ནས་གཅིག་མཚུངས་ཀྱི་ཡིག་ཆ་ལག་ཏུ་བཟུང་ནས་སྐད་ཆ་བཤད་ནའང་སྐྱེས་པའི་འགོ་ཁྲིད་ཀྱི་གསང་བའི་ནུས་པར་ངོས་འཛིན་བྱེད་ཀྱི་ཡོད་པ་ཙམ་རེད།
རྩོམ་པ་པོས་འགོ་ཁྲིད་ཀྱི་ནུས་པ་དང་འབྲེལ་བའི་དམིགས་བསལ་གྱི་བྱ་བ་ཞིག་ལ་དོ་སྣང་བྱུང་ཡོད་པ་ནི་སོ་སོའི་བསམ་ཚུལ་བཤད་དེ་ཚོགས་པ་དང་ཡང་ན་སྡེ་ཚོགས་ཀྱི་ཁེ་ཕན་མདུན་སྐྱོད་ཡོང་ཐབས་སྣེ་འཁྲིད་རྒྱུ་དེ་རེད།
ཚོད་ལྟ་ཐེངས་གཅིག་ནང་དེར་མི་སྣ་ཁག་འགན་སྲུང་ཚོང་ལས་སྡེ་ཚོགས་སུ་ཕྱིར་ཚོང་དཔུང་ཁག་ཅིག་གི་ཟླ་མཇུག་ཚོགས་འདུར་བཞུགས་དགོས་པ་དང་། ཁོ་ཚོས་ཨཱེ་རུ་ཁེ་Eric དང་ཡང་ན་ཨཱེ་རུ་ཁཱ་Erica ཞེས་པའི་མིང་གང་རུང་ཞིག་ཐོས་རྒྱུ་ཡིན་པ་དེ་རེད། དེ་ནས་ཁོ་ཚོས་གཏམ་བཤད་མཁན་གྱི་འགོ་འཁྲིད་ཀྱི་ནུས་ཤུགས་ཞེས་དང་། ཚོགས་པར་ཤུགས་རྐྱེན་ཇི་ཐེབས། ཡང་ན་འགོ་འཁྲིད་ཀྱི་དབང་ཆ་བཟུང་པའི་བྱེད་ལས་ལ་གདེངས་འཇོག་གམ་སྤུས་ཚད་ཀྱི་གཏན་འབེབས་བཟོ་རྒྱུ་དེ་ཡིན།
བསམ་ཚུལ་བརྗེས་པའི་ཨཱེ་རུ་ཁེ་ཚོ་ནི་འགོ་ཁྲིད་ཀྱི་ནུས་པ་གཞན་དེ་ལས་ཆེ་བར་བཤད་ཅིང་། དཔྱད་བརྗོད་དཔུང་ཁག་གི་མཚོན་པའི་ཨཱེ་རུ་ཁཱ་དེ་འདྲ་མིན། དེའང་ཨཱེ་རུ་ཁེ་དང་གཅིག་མཚུངས་ཡིན་པའི་ཨཱེ་རུ་ཁཱས་སོ་སོའི་བསམ་ཚུལ་སྤེལ་ཟིན་ཡང་གོ་གནས་སྤུ་ཙམ་མཐོར་འདེགས་སོང་མེད།
འོན་ཀྱང་འཚོ་བ་ནི་མ་དེབ་ཡོད་པའི་ཁ་པར་ལྟར་མིན་ལ། ཚོད་ལྟ་ཐེངས་གཉིས་པའི་ནང་ཞིབ་འཇུག་མི་སྣས་སྤྱིར་བཏང་གི་ཁོར་ཡུག་གཅིག་མཚུངས་འོག་བསམ་འཆར་བཤད་ཆོག་པའི་ལེགས་ཆར་རྟོགས་དཔྱོད་ཅིག་བཟོ་དགོས་སྙམ།
ཞིབ་འཇུག་པས་མཱི་རི་ཐེར་དམག་དོན་སློབ་ཆེན་U.S. Military Academyགྱིས་རུ་དཔུང་ ༣༦ གི་ནུས་པའི་འགྲན་རྩོད་དུ་ཞུགས་མཁན་ཚོ་དེར་མ་ཞུགས་པའི་སྔོན་དང་། འགྲན་རྩོད་ནང་ཞུགས་བཞིན་པའི་སྐབས། དེ་ཚར་རྗེས་བཅས་སྐོར་དྲི་ལན་གྱི་དྲི་ཤོག་ཅིག་བསྐོང་དགོས་པར་བྱས།
རྩོམ་པ་པོས་དམིགས་བསལ་མིན་པའི་སྐྱེས་པས་གཙོ་སྣེ་འདྲེན་པའི་ཁོར་ཡུག་ཏུ་ཞིབ་འཇུག་བྱེད་པར་ཚོད་འཛིན་ཡོད་པར་ངོས་འཛིན་བྱས་ཤིང་། འོན་ཀྱང་འགྲན་རྩོད་ཀྱི་སྤུས་ཚད་དེས་ཁོ་ཚོའི་ལས་འགུལ་སྤེལ་བའི་ནུས་པ་དང་ཤེས་རྟོགས་འབྱུང་བའི་ནུས་པ་དང་གཞན་གྱི་ཆ་རྐྱེན་ལ་ཚོད་འཛིན་བྱེད་ཀྱི་ཡོད་པར་ཤེས།
སྔོན་ནས་ཤེས་གསལ་ལྟར། དེར་ཞུགས་མཁན་རྣམས་འགྲན་རྩོད་མཇུག་བསྒྲིལ་རྗེས་སོ་སོའི་རེ་བ་བཅང་སའི་འགོ་ཁྲིད་ཀྱི་མིང་བྱང་གི་གོ་རིམ་བསྒྲིག་དགོས་དུས་བསམ་ཚུལ་བཤད་མཁན་གྱི་མི་སྣའི་གོ་གནས་མཐོར་འདེགས་ཁོ་ན་བྱུང་ཡོད་པ་རེད། ཞིབ་འཇུག་པའི་གྲལ་དང་ཊེ་ལ་ཝེ་སློབ་ཆེན་University of Delawareགྱི་ཨཱལ་ཧྥེ་ཊི་ལིན་མཐོ་སློབ་Alfred Lerner College of Business and Economicsཀྱི་སློབ་དཔོན་ཁཱེལ་ཨཱེ་མི་ཅིས་Kyle Emichའཕྲིན་ཡིག་ཏུ་
༡། བུད་མེད་ཕུད། ༢། ཁྱོན་ནས་མེད། ༣། ཉུང་ཤོས། ༤། སྐབས་འགར། ༥། ད་དུང་གཞན། བཅས་ལན་འདེབས་གདམ་ཁ་ཡོད་པའི་ནང་བུད་མེད་ཀྱིས་སོ་སོའི་བསམ་ཚུལ་བཤད་པ་ཙམ་གྱིས་གོ་གནས་མཐོར་འདེགས་མི་ཐུབ་པར་བརྟེན། དེ་དག་འགོ་ཁྲིད་བྱེད་སྲིད་པའི་གནས་སྟངས་གཞན་ལས་ཧ་ཅང་ཉུང་བ་རེད་འདུག་ཅེས་བྲིས་ཡོད་པ་རེད། བུད་མེད་ཀྱི་སྤོབས་པར་ལྡོག་ཕྱོགས་ཀྱི་བསམ་ཚུལ་བྱུང་བ་དེར་ལྡོག་ཕྱོགས་ཀྱི་ནུས་པ་ཞེས་འབོད། གཞན་ཡང་ཕོ་མོའམ་རྟགས་མཚན་དང་འགོ་འཁྲིད་ཀྱི་ནུས་པའི་ཞིབ་འཇུག་དེའི་སྐོར་གཞན་ནང་ལའང་འཁོད་ཡོད་པ་རེད།
ཚོད་ལྟ་འདའི་རྩོམ་པ་པོའམ་ཨཱ་རི་ཙོང་ན་སློབ་ཆེན་University of Arizona ཨཱེ་ལི་དོ་དམ་སློབ་ཆེན་གྱི་སློབ་དཔོན་ཨཱེ་ལི་ཙ་བྷེ་མཱེ་ཁིན་Elizabeth McCleanགྱིས་ང་ཚོས་འབྱུང་འབྲས་དེ་རྙེད་རོགས་བྱས་ན་བསམ་ཡོད། འོན་ཀྱང་ང་ཚོས་དེ་རྙེད་མེད། ཅེས་བཤད།
འོ་ན་དེ་ག་རེ་བྱས་པ་ཡིན་ནམ། ཞིབ་འཇུག་མི་སྣས་མཇུག་འབྲས་དེ་ཕལ་ཆེར་ཁྱོད་ཀྱིས་དེ་སྔོན་མཐོང་བ་དང་འབྲེལ་བ་ཡོད་སྲིད་པ་རེད། མི་རྣམས་ཀྱི་བསམ་བློར་འགོ་ཁྲིད་ཀྱི་སྣང་བརྙན་གཏན་འབེབས་ལྟ་བུ་ཞིག་ཡོད་འདུག ང་ཚོས་མི་ཞིག་མཐོང་དུས་སེམས་ནང་ཁོ་ཚོར་སྣང་བརྙན་དེ་འདྲ་ཞིག་ཚང་འདུག་གམ། ཞེས་འདྲི་སྲིད། གལ་ཏེ་དེ་དག་ལ་འགོ་འཁྲིད་ཀྱི་སྣང་བརྙན་དེ་ཚང་མེད་ན། དེ་ཚོས་འགོ་འཁྲིད་ནང་བཞིན་བྱ་བཞག་སྤེལ་བཞིན་ཡོད་ཀྱང་དེ་དག་ནི་འགོ་ཁྲིད་ལ་ངོས་འཛིན་བྱེད་རྒྱུ་སྔར་བས་ཁག་ཏུ་སོང་ཡོད།
བྱང་ཤར་སློབ་ཆེན་Northwestern Universityགྱི་སེམས་ཁམས་རིག་པའི་མཁས་དབང་ངམ་གསང་བའི་ཕོ་བྲང་ནས་བརྒལ་ཏེ་བུད་མེད་རྣམས་འགོ་འཁྲིད་ཡོང་ཐབས་ཅི་ལྟར་བྱེད་དགོས་མིན།Through the Labyrinth: The Truth about How Women Become Leadersཞེས་པའི་དཔེ་དེབ་ཀྱི་རྩོམ་པ་པོ་ཨཱེ་ལི་སི་དབྱི་གྷི་ལིས་Alice Eaglyཉེ་དུས་འཕྲིན་ཡིག་ཏུ་མོས་མི་མང་ཆེར་གྱིས་སྣང་བརྙན་དེ་དག་བུད་མེད་ཀྱི་ལུས་ཐོག་ལ་ཡོད་མེད་ལྟ་བཞིན་ཡོད་པར་ངོས་འཛིན་བྱས། མོས་འཕྲིན་ཡིག་ཏུ་གནས་སྟངས་དེ་ངེས་པར་དུ་བུད་མེད་ཀྱི་ནུས་ཤུགས་སྤྱིར་བཏང་ཆ་ནས་སྐྱེས་པ་ལས་ཆུང་བ་ཡོད་པའམ་དཔེར་ན་ཤེས་ཡོན། འཇོན་ཐང་། སྤྱང་གྲུང་། གོ་རིམ་ལྡན་པ། རིག་པ་གྲུང་བ་བཅས་ལ་ངེས་པར་དུ་གཏན་འབེབས་ཅིག་བཟོ་མི་དགོས། ཞེས་དང་། མི་སྒེར་གྱི་འགོ་འཁྲིད་ཀྱི་ནུས་པ་དང་འབྲེལ་བ་དམ་ཟབ་ཡོད་པའི་གཞན་ཚོད་འཛིན་གྱི་ནུས་པ་དེ་ད་དུང་ཡང་སྐྱེས་པའི་དམིགས་བསལ་གྱི་རྟགས་མཚན་ཞིག་ཡིན་པར་ངོས་འཛིན་བྱེད་མཁན་མང་པོ་ཡིན། འོན་ཀྱང་ཨཱེ་རུ་ཁཱ་ནི་དེའི་ཚོད་འཛིན་དུ་ཡོད་པས་སུ་གཅིག་གིས་ཀྱང་དེ་མཐོང་མེད་པ་གང་ཡིན་ནམ། ང་ཚོས་དེ་སྔོན་ནས་གཏན་འབེབས་བཟོས་ཟིན་པའི་སྣང་བརྙན་དེས་གནས་ཚུལ་ཐག་གཅོད་བྱེད་སྐབས་ང་ཚོས་མཁྲེགས་བཟུང་གི་སྣང་བརྙན་ལ་རེ་བ་བཅང་བ་ལས་དོན་དངོས་ཀྱི་གནས་སྟངས་དང་གཅིག་འགྱུར་ཡོང་ཐབས་མི་བྱེད། ཅེས་མཱེ་ཟེ་ཆུ་ཟི་སློབ་ཆེན་ཨཱམ་ཧེ་སི་ཐི་University of Massachusetts at Amherstཡན་ལག་སློབ་གྲྭའི་སེམས་ཁམས་རིག་པ་དང་ཀླད་པའི་ཚན་རིག་སྡེ་ཚན་གྱི་སློབ་དཔོན་ཉཱི་ལན་ཀྱ་ན་ཊ་སི་གྷོ་ཐས་Nilanjana Dasguptaཀྱིས་ཀྱང་དེ་ལྟར་བཤད་ཡོད་པ་རེད།
མོས་བཤད་ན། མི་རྣམས་ཀྱིས་ཐོག་མཐའ་བར་གསུམ་དུ་སྣང་བརྙན་དེ་དང་འཚམ་པ་ཚོ་འགོ་འཁྲིད་ལ་མཐོང་བཞིན་པའི་སྐབས་སུ་མ་འོངས་པར་མི་ཚོས་སྣང་བརྙན་དེ་དང་འཚམ་མཁན་ལ་སྔར་བས་དོ་སྣང་གང་མང་བྱ་སྲིད། དེ་ནི་ངོས་འཛིན་བྱེད་སྟངས་ཀྱི་ནོར་འཛོལ་འབྱུང་རྩ་དེ་ཡང་ནས་བསྐྱར་དུ་འཁོར་རྒྱུགས་བྱེད་བཞིན་པའི་སོ་སོར་གཏན་འབེབས་སྲ་བརྟན་ཡོང་ཐབས་ཤིག་རེད། གལ་ཏེ་རིགས་རུས་ཀྱི་ངོ་བོའི་སྐོར་ལའང་འདི་ལྟ་བུའི་ཞིབ་འཇུག་ཅིག་བྱ་ཐུབ་ན་མོ་རང་དེར་དོ་དབྱིངས་ཧ་ཅང་ཆེན་པོ་ཡོད་སྐོར་བཤད་ཅིང་། དེའང་ཞིབ་འཇུག་དེ་དག་ལ་དཔྱད་ཞིབ་མ་བྱས་པའི་བརྗོད་གཞི་ཞིག་རེད་ཅེས་ཀྱང་བཤད་ཡོད་པ་རེད།
འོ་ན་གནད་དོན་འདི་གང་འདྲ་ཐག་གཅོད་དགོས་སམ། མོས་མི་རྣམས་ཀྱིས་བུད་མེད་ནི་འགོ་ཁྲིད་ལ་མཐོང་ཐུབ་པའི་འགན་ལེན་ཡོད་པའི་ཐབས་ལམ་གཅིག་ཡོད་པ་དེ་ནི། ཚང་མས་དོན་དངོས་སུ་འགོ་ཁྲིད་ཀྱི་གོ་གནས་སུ་བུད་མེད་གང་མང་མཐོང་ཐུབ་པ་བྱེད་རྒྱུ་དེ་ཡིན་པར་མཐོང་ཞིང་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
མ་རྩོམ་གྱི་འབྲེལ་ཐག
https://cn.nytimes.com/health/20180321/t21tb-leadership/