འཇིགས་བྲལ་གློག་བརྙན་བྱེད་པོ། དཔའ་རྒོད་དོན་གྲུབ་དབང་ཆེན་ལགས་འོ་རྒྱལ་ཆེ་སོང་།
ཁོང་ལ་དགའ་ན། གློག་བརྙན་འདི་ལ་ཡང་བསྐྱར་ཐེངས་
གཅིག་གཟིགས་རོགས
དགྲ་བོའི་གདུག་རྩུབ་ཀྱི་འཇིགས་
པ་ལ་གདོང་ལེན་ཕོད་པའི་མི་ཕོ་སྙི ང་ཁམས་ཅན། འཇིགས་པ་དེར་སྙིང་སྟོབས་ཀྱིས་ དང་ལེན་ཕོད་པའི་དཔའ་རྒོད་རྒྱལ་ ཞེན་ཅན། རིགས་ཞེན་དཀར་པོས་འཇིགས་པ་དེ་རྒྱ ང་དུ་འདེད་པའི་མཁས་མཛངས་ལ་རྒྱ་ ཅན། ངོ་མ་འཇིགས་བྲལ་གྱི་དོན་སྙིང་ལྡ ན། སྤྱི་ལོ ༢༠༠༨ ལོར་རྒྱ་ནག་པེ་ཅིང་དུ་ཨོ་ལོམ་པི
ག་རྩེད་འགྲན་བརྒྱུད། རྒྱལ་སྤྱིའི་ཐོག་བོད་ཀྱི་བདེན་ པ་རྫུན་དུ་སྒྲོག་པའི་འགྲེལ་ལོག་ དེར། གཞིས་ལུས་བོད་མིའི་གནས་བབ་ངོ་མ་ དང་སེམས་འདུན་དམར་པོས་བདེན་རྫུ ན་དབྱེ་ཐག་གཅོད་པའི་དངོས་དཔང་ཞི ག་གི་དོན་དུ། ཁྱེད་དང་བརྙན་འཕྲིན་ནང་གི་གཞིས་ ལུས་སྤུན་ཟླ་མིང་སྲིང་ཚོས་སྙིང་ སྟོབས་དང་མིག་ཆུས་འཛམ་གླིང་ལ་ཚེ ་སྲོག་གིས་འབོད་པ་བྱས། འབོད་པ་དང་ཚེ་སྲོག་གི་བློས་གཏོ
ང་དེ་དག་ལོ་རྒྱུས་ཀྱི་དངོས་དཔང་ གསོན་པོ་ཤ་སྟག་ཡིན་པས། རིན་ཐང་ཧ་ཅང་ཆེ། དེ་ཡང་ཁྱེད་ཀྱིས་བླངས་པའི་དངོས་
བྱུང་བརྙན་ཕབ་ལས། ཁྱེད་དང་བརྙན་ནང་གི་གཞིས་ལུས་སྤུ ན་ཟླ་ཚོས་དགྲ་ལ་ངོ་སྲུང་དང་འཇི གས་སྣང་མེད་པར། སྙིང་སྟོབས་ཆེན་པོ་དང་། སྐད་མགོ་མཐོན་པོས་དགྲ་བོ་རྒྱ་ ནག་གི་གདུག་རྩུབ་དང་ངན་ཇུས། བོད་མིའི་དཀའ་སྡུག་དང་རེ་བ་བཅས་ ཚེ་སྲོག་དམར་པོ་བློས་གཏོང་གིས་ འདི་ལྟར་གླེང་ཞིང་། འདི་ལྟར་འཛམ་གླིང་ལ་བསྒྲགས་བྱུ ང་། དགེ་འདུན་པ་དར་མ་ཞིག་གིས། རྩེད་མོ་རྩེད་བར་རང་དབང་དང་ཞི་
བདེ་ཡོད་པ་ཞིག་དགོས་ཀྱང་། ང་རང་བོད་པ་ཞིག་ཡིན་པའི་ཆ་ནས་པེ ་ཅིང་ཨོ་ལོམ་པིག་རྩེད་འགྲན་ལ་ དགའ་སྤྲོ་དང་མོས་མཐུན་མེད་ཅེས་ ཚིག་ཐག་ཆོད་པོས་བསྒྲགས། ན་ཆུང་བུ་མོ་ཞིག་གིས། འུ་ཚོ་བོད་ལ་མཚོན་ན་རང་བཙན་མེད་
པས། པེ་ཅིང་ཨོ་རྩེད་ལ་དགའ་སྤྲོ་དང་ འཐད་པ་མེད་ཅེས་སྒྲ་གསལ་ལ་གོ་རི མ་ཡོད་པས་བསྒྲགས། མིག་ཤེལ་གྱོན་པའི་དགེ་འདུན་པ་ཞི
ག་གིས། ཆོས་ལུགས་དད་མོས་རང་དབང་ཡིན་ཟེ ར་ཡང་། རང་དབང་རྩ་བ་ནས་མི་འདུག བོད་མིའི་བདེ་སྐྱིད་ཡོད་ཚད་ཀྱི་ འབྱུང་གནས་རྒྱལ་བ་རིན་པོ་ཆེ་ལ་ ངོ་རྒོལ་གྱི་རྣམ་པ་བསྟན་དགོས་ པའི་བཙན་ཤེད་དང་གཡོ་སྐུལ་བྱེད་ ཀྱི་ཡོད་ཅེས་བོད་མིའི་དད་དམ་དང་ ། དགྲ་བོའི་བཙན་གནོན་ཟུང་དུ་བསྒྲ གས་སོང་། ད་དུང་བརྙན་དེ་ལས་གཞིས་ལུས་བོ
ད་མིས་རྒྱལ་བ་ཡིད་བཞིན་ནོར་བུའི ་བརྙན་པར་ཙམ་ལ་ཡང་གུས་ཕྱག་གིས་ རེ་སྒུག་བྱེད་པའི་དད་དམ་དང་དྲན་ སེམས་དམར་པོ་མིག་ཆུས་བསྟན་སོང་། ཕོ་རྒོད་དར་མ་ཞིག་གིས། བོད་མཐོ་སྒང་གི་ས་སྐྱེས་རྡོ་སྐྱེ
ས་ཀྱི་འབྲོག་པ་ཚོ་གཡོ་ཐབས་དང་ བཙན་ཤེད་ཀྱིས་གནས་སྤོ་རུ་བཅུག་ སྟེ། བོད་ཀྱི་རྩྭ་ཐང་དང་གཏེར་ཁ་ལ་གཏོ ར་བརླག་ཚབས་ཆེན་བཏང་བའི་དངོས་མྱོ ང་བསྒྲགས་སོང་། ཡང་ཕོ་རྒོད་དར་མ་གཞན་ཞིག་གིས། བོད་ཀྱི་མི་རིགས་དང་། སྐད་ཡིག། ཐོན་ཁུངས། འཚོ་གནས་བཅས་ལ་རྒྱ་མི་རིགས་དང་། རྒྱ་ཡི་སྐད། རྒྱ་མིའི་དགོས་མཁོ་བཅས་ཀྱིས་
བཙན་གནོན་དང་། བཤུ་བཞོག་གཏོང་བའི་ནག་ཉེས་སེམས་ རྩ་འཁྱག་པོས་གླེང་། གྲིབ་ནག་ནང་ངོ་གདོང་དེ་ཙམ་མི་
གསལ་བའི་རྒད་པོ་ལོ་ལོན་ཞིག་གིས། རྒྱ་ཚང་གིས་མཛུབ་མོ་ལྔ་ལ་རྒྱལ་ བ་རིགས་ལྔ་བཞེངས་ཀྱང་ཡིད་ཆེས་མེ ད། ཅེས་དངོས་མྱོང་རྩུབ་མོ་དབུགས་རི ང་ནར་མོས་གླེང་། གློག་བརྙན་དེའི་དུམ་མཚམས་ཞིག་ཏུ
་ཁྱེད་ཀྱིས། དོན་དངོས་བོད་ལ་ཡར་རྒྱས་བཏང་བ་ མཐོང་རྒྱུ་མི་འདུག འབྲོག་ས་ན་ནོར་ལུག་འཚོ་མི་ཆོག་ པར། སྤྱི་ཚོགས་རིང་ལུགས་ཀྱི་གྲོང་སྡེ ་གསར་པ་འཛུགས་སྐྲུན་བྱེད་ཀྱི་ཡོ ད་ཟེར་ནས།འབྲོག་པ་བཙན་གྱིས་གནས་སྤོ་རུ་ བཅུག་སྟེ། བོད་ནང་རྒྱ་ནག་གིས་ཁང་པ་གསར་པ་ བརྒྱབ་སྟེ། ཕྱི་ནས་བལྟས་ན་ཡར་རྒྱས་གཏོང་བའི ་རྣམ་པ་ཡོད་ཀྱང་། དོན་ངོ་མར་བོད་མི་རིགས་ཀྱི་སེ མས་པའི་སྡུག་བསྡལ་དེ་བཤད་ས་མེད་ པ་ཆགས་འདུག་ཅེས། རྒྱ་ནག་གི་རྒྱབ་མདུན་དང་བོད་ཀྱི ་བདེ་སྡུག་བསྔོགས་བྱུང་། ཡང་གདོང་དམར་ཕོ་རྒོད་གཞན་ཞིག་གི
ས། མཐོ་སྒང་གི་འབྲོག་ས་ལྕགས་དྲྭས་ བསྐོར་ནས་འབྲོག་པ་འབྲོག་སར་བསྡ ད་མ་བཅུག་པར་རོང་དུ་ཕབ་ཅིང་། ཞིང་ས་ཡར་ལ་འཕྲོགས་ནས་ཚེར་མ་ བཏབ་སྟེ། བོད་རྐང་ནས་གཅོད་ཀྱི་ཡོད་ཅེས། དགྲ་བོ་རྒྱ་ནག་གིས་བོད་ཇི་ལྟར་ གསོད་ཀྱི་ཡོད་པའི་བསྡོམས་བརྒྱབ་ སོང་། སྦྲ་གུར་ནང་བཙན་འོག་ནས་བོད་ཀྱི་
རིག་གཞུང་ལ་སྦྱོང་བཞིན་པའི་རྡུ ང་ལེན་གྱི་སྐད་སྒྲའི་ནས་ཕོ་རྒོ ད་ལོ་ན་ཉི་ཤུ་ཅན་ཞིག་གིས། བོད་མི་རིགས་ཀྱི་རིག་གནས་འདི་ ཉམས་གུད་དུ་འགྲོ་བཞིན་པར་སྙིང་ ན་བས། ང་ཚོས་ཚོགས་པ་འདི་བཙུགས་ནས་ལམ་ ཐག་རིང་ཡང་སྡེ་པ་སོ་སོ་ནས་ཡོང་ སྟེ། དཀའ་ངལ་ལ་མ་འཛེམས་པར། ཡི་གེ་ཤེས་སུ་འཇུག་ཅིང་། དཀའ་ངལ་ལ་མགོ་མ་སྒུར་བར་མི་རི གས་འདི་ཡར་སྐྱེད་སྲིངས་ཡོང་བར་ ཤུགས་རྒྱག་གི་ཡོད་ཅེས། རེ་བ་དང་སྤོབས་པས་འགྲེལ་དུས་ངས་ བརྙན་ལ་བལྟ་བཞིན་ཁ་ནས་ཁྱེད་ཚོར་ བཀའ་དྲིན་ཆེ་ཞེ་ལབ་འདོད་ཀྱི་མགྲི ན་པ་བརྣངས་སོང་། གློག་བརྙན་དེ་བལྟ་བའི་བརྒྱུད་རི
མ་དུ། འགག་སྒོ་རེ་རེ་ནས་རྒྱ་མིའི་སྐོ ར་སྲུང་སྒྲིག་ཆས་གྱོན་པ་ཚོའི་ མདུན་ནས་ཁྱེད་ཐོན་ཐེངས་དང་འཛུལ་ ཐེངས་རེར། ངེད་གློག་བརྙན་དེ་བལྟ་མཁན་ཚོ་ལ་ འཇིགས་པའི་ཤ་འདར་རྒྱག་མྱོང་ན།སྐབས་དེ་དག་ཏུ་ཁྱོད་ལ་ཇི་འདྲའི་ འཇིགས་སྣང་དང་ཉེན་ཁ་མི་ཆེ་ཨང་། དེ་དག་བསམས་དུས་ངོ་མ་ཁྱོད་དང་
བརྙན་ནང་གི་མི་སྣ་ཚོ་ནི། བོད་ཀྱི་དོན་དུ་འཇིགས་པ་ལ་གདོང་ ལེན་ཕོད་པའི་འཇིགས་བྲལ་མིང་དོན་ མཚུངས་པ་ཤ་སྟག་ཡིན་པས། བོད་དང་ལོ་རྒྱུས་ཀྱིས་ཁྱེད་ཚོ་ ནམ་ཡང་བརྗེད་མི་སྲིད། ངོ་མ་སེམས་གཏིང་ནས་ཁྱེད་རྣམ་པ་ ཚང་མ་ལ་བཀའ་དྲིན་ཆེ་ཞུ། ཁྱེད་རྣམ་པ་ང་ཚོའི་དོན་དུ་འོ་རྒྱ ལ་ཆེ་སོང་བས། ངའི་ནང་མི་ཚོས་ཁྱེད་ཀྱི་བཟའ་ཟླ་ བུ་ཕྲུག་དང་། བརྙན་ནང་གི་གཞིས་ལུས་ཕུ་ནུ་མིང་ སྲིང་འབྲེལ་ཡོད་ཚང་མ་ལ་ངོ་མ་ བཀའ་དྲིན་ཆེ་ཞུ། སྔར་དུས་རབས་ཉི་ཤུའི་ལོ་རབས་དྲུ
ག་ཅུ་པའི་ནང་པཎ་ཆེན་རིན་པོ་ཆེས་ ཚེ་སྲོག་གཏའ་མ་ལ་བཞག་ནས་སྐབས་དེ འི་བོད་མིའི་དཀའ་སྡུག་ཡིག་འབྲུ་ ཁྲི་བདུན་ལམ་ནས་བྲིས་པ་དང། དུས་རབས་ཉེར་གཅིག་པའི་ལོ་རབས་ དང་པོའི་ནང་དཔའ་རྒོད་ཁྱེད་དང་། བརྙན་ནང་གི་གཞིས་ལུས་སྤུན་ཚོས་ བོད་མིའི་དཀའ་སྡུག་གི་མིག་ཆུ་ བརྙན་ལ་ཕབ་པ་གཉིས་ནི། དུས་རབས་རང་བཞིན་གྱི་བོད་མིའི་ དངོས་མྱོང་དཀའ་སྡུག་གི་ཟིན་ཐོའི ་རིན་ཐང་ལྡན་ཡོད། བཙན་བྱོལ་ནང་དེང་སང་བོད་ཀྱི་ལུ
ས་ལ་རྒྱ་ཡི་སེམས་པ་འཛུལ་བས། ནང་ལ་འཁྲུགས་ཅིང་ནང་ལ་ངར་བའི་དུ ས་ངན་འདིར། ཁྱེད་ཉིད་བཙན་བྱོལ་ནང་ཕེབས་པ་ འདིས་སེམས་ལ་ངལ་གསོ་ཞིག་དང་དྲན་ སྐུལ་ཞིག་སྦྱིན་བྱུང་བས།བཀའ་དྲིན་འཕར་མ་ཞུ་ལོས་དགོས། མདོར་ན། འཇིགས་བྲལ་གློག་བརྙན་གྱིས་བསྟན་
པ་ནི། གཞིས་ལུས་བོད་མིས་དགྲ་བོ་རྒྱ་ ནག་གི་དབང་སྒྱུར་བཙན་གནོན་ལ་ནམ་ ཡང་ངོས་ལེན་ཡིད་ཆེས་མེད་པ་དང། རྒྱ་ནག་གིས་བོད་ཀྱི་རིག་གཞུང་ དང་། འཚོ་གནས་ཀྱི་གྲུབ་ཆ་རེ་རེ་ནས་ཇི ་ལྟར་རྩ་མེད་གཏོང་བཞིན་པའི་དཀའ་ སྡུག་ཁྲོད་ནས། གཞིས་ལུས་བོད་མིས་བོད་ཀྱི་མ་འོ ངས་པར་རེ་བ་ཤི་མེད་པར། བོད་ཀྱི་རིག་གཞུང་དང་། བོད་ཀྱི་མ་འོངས་པའི་དོན་དུ་དཀའ་ སྡུག་དང་མིག་ཆུའི་ཁྲོད་ནས་བོད་ སླར་གསོན་གྱི་ཨམ་གཙིགས་བསྡམ་ནས་ ལངས་ཐབས་བྱེད་བཞིན་པའི་དངོས་བྱུ ང་བརྙན་དུ་ཕབ་ཡོད། དེ་ལྟར་གློག་བརྙན་འདིས་བོད་གཞི
ས་བྱེས་བར་དུ་མིག་ཆུ་གཉིས་ཀྱི་ ཐུག་འཕྲད་ཐེངས་གཅིག་བྱས་བཅུག་ཡོ ད་ལ། སེམས་པ་གཉིས་ཀྱི་སེམས་ངོ་ལན་གཅི ག་འཕྲོད་པའི་སྡིངས་ཆ་མི་འཇིགས་ པ་ཞིག་བསྐྲུན་ཡོད་པས། བཙན་བྱོལ་བོད་མི་ང་ཚོས་དེའི་རི ན་ཐང་ལ་གོ་བ་ལོན་དགོས་ཚོད་ཡིན། མཐར་གློག་བརྙན་དེའི་ནང་དཔའ་རྒོ
ད་དོན་གྲུབ་དབང་ཆེན་གྱིས། ང་ལ་ཞུ་ཡག་ཅིག་ཡོད་པ་དེ། ལྟད་མོ་འདི་མཚན་སྙན་གྲགས་དང་། ལྟད་མོ་ཆེན་པོ་ཞིག་ཡོང་ཡག་གི་ཆེ ད་དུ་མིན་པར། བོད་རྒྱ་ཆེའི་མི་མང་ཐབས་ཟད་འུ་ ཐུག་གི་ལས་ཀ་ཞིག་ཡིན་དུས། ཚང་མས་དོ་སྣང་ཡག་པོ་ཡོང་བའི་རེ་ བ་ཆེ་ཤོས་ཡིན་གསུངས་ཡོད་པས། ཁོང་ལ་དགའ་ན། ཁོང་གི་ལས་འགུལ་འདི་ལ་རྒྱབ་སྐྱོ ར་ཡོད་ན། གློག་བརྙན་འདི་ལ་ཡང་བསྐྱར་ཐེངས་ གཅིག་གཟིགས་རོགས། དེ་ནས་འགན་འཁུར་དང་རང་གནོངས་ལ་ རང་ངོ་རེ་འཕྲོད་པར་ངེས། སྤྱི་ལོ ༢༠༠༨ལོའི་བོད་ནང་གི་དྲག་གནོན་
དང་། བོད་ཕྱི་ནང་གཉིས་ནང་གཉིས་ནས་མདོ ་དབུས་ཁམས་གསུམ་ཆིག་སྒྲིལ་གྱི་ ཡར་ལངས་དེ་དྲན་དུ་བཅུག་པས། བཙན་བྱོལ་བོད་མི་ནང་རུལ་ནང་འཁྲུ གས་ཅན་ཚོས་རང་གནོངས་ལ་རང་ངོ་འཕྲོ ད་དགོས་པའི་དྲན་སྐུལ་གྱི་ཕོ་ཉ་ ལྟར། ཁྱེད་ད་ལྟའི་སྐབས་སུ་བཙན་བྱོལ་ ནང་ཕེབས་པ་ནི། ཇི་འདྲའི་རིན་ཐང་འཕར་མ་ཞིག དེང་སང་བོད་ཀྱི་འདུ་ཤེས་ཅན་རྣ
མས་སེམས་པ་འཁྱག་བཞིན་པའི་དུས་ འདིར། འཇིགས་བྲལ་གློག་བརྙན་ལ་བསྐྱར་ བལྟ་ཞིག་བྱེད་དུས། ད་དུང་བོད་བཙན་པོའི་རུས་རྒྱུད་ ཀྱི་ཚེ་སྲོག་ལྷག་ཡོད་པའི་གསོན་ ཤུགས་ཀྱི་དྲོད་ཁོལ་སྦྱིན་བྱུང་ བས། འདི་ནི་བརྙན་འདིའི་ནུས་པ་དང་རི ན་ཐང་ཡུན་རིང་དུ་གནས་པའི་བདེན་ དཔང་ལགས་ན། ང་དང་། ཁྱོད་དང་ཁྱོད་ཚོ་ཁ་བ་གངས་ཅན་པ་ ཚོ་བོད་ཀྱི་དོན་དུ་ཡི་ཐང་ཆད་དུ ས། བརྙན་འདི་འདྲ་བ་དང་། བོད་ཀྱི་ལོ་རྒྱུས་ལ་སློབ་སྦྱོང་ བྱོས་དང་། ཁྱོད་རང་འགན་འཁྲིའི་གསོན་ཤུགས་ དེ་མུ་མཐུད་གསོན་ངེས། མདོར་ན་ཁྱོད་རང་མུ་མཐུད་གསོན་ངེ ས། སྤྱི་ལོ ༢༠༡༧། ཟླ ༡༢། ཚེས ༢༩ ཞོགས་པར་ནིའུ་ཡོག་ནས་སྤོ་ཆུང་
ཚང་དོན་གྲུབ་ལྷ་དར་གྱིས།། །།