འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཆེད་ཚོགས་ཆུང་ཟུར་འཛུགས།

བོད་མི་མང་སྤྱི་འཐུས་སྐབས་༡༦ པའི་གྲོས་ཚོགས་ཚོགས་དུས་དང་པོའི་ཐོག དབུས་འོས་བསྡུ་ལས་ཁང་ནས་ཟིན་བྲིས་བཏབ་པའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཆེད་ཚོགས་ཆུང་ཟུར་ཟུར་འཛུགས་དགོས་པའི་གྲོས་ཆོད་བྱུང་བ་ལྟར། ཚོགས་ཆུང་ཆེད་འཛུགས་བྱས་ཡོད་པ་རེད།

IMG_2283དེ་ཡང་ཟླ་འདིའི་ཚེས་༢༢ ཉིན་གནས་ཚུལ་སྤེལ་བ་ལྟར་ན། དབུས་འོས་བསྡུ་ལས་ཁང་ནས་ཟིན་བྲིས་ཕྱི་ནང་གནད་ཡོད་མི་སྣ་དང་མང་ཚོགས་བཅས་ནས་འབྱོར་བའི་དགོངས་འཆར་སྙན་ཞུ་ཁག་ལ་ཞིབ་འཇུག་གིས་ད་ཡོད་འོས་བསྡུའི་སྒྲིག་གཞིར་བསྐྱར་བཅོས་ཇི་དགོས་སྐོར་ལ། བཀའ་བློན་གཅིག་དང་། སྤྱི་འཐུས་གསུམ། དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་བཅས་ཚོགས་མི་ལྔ་ལས་གྲུབ་པའི་ཚོགས་ཆུང་ཞིག་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་བསྐོ་གཞག་གནང་དགོས་པའི་གྲོས་ཆོད་བྱུང་བ་ལྟར། དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག། དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ། སྤྱི་འཐུས་པདྨ་འབྱུང་གནས། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན། སྤྱི་འཐུས་རྒྱ་རིགས་ཐར་བསྐོ་གཞག་གནང་ཞིང་། ཚོགས་ཆུང་གི་ཚོགས་གཙོར་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་དང་། དྲུང་ཆེ་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ཐུགས་གཏན་འཁེལ་ཏེ་ཚོགས་ཆུང་གི་ཚོགས་མི་རྣམ་པ་ཚང་མ། ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༢༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་ཚོགས་ཆུང་གི་ཞུ་སྒོ་དང་འབྲེལ་བའི་ལམ་སྟོན་ཞུ་ཆེད་སྤྱི་ལྷན་ཚོགས་གཙོ་སྦྲེལ་པོའི་སར་ཆེད་བཅར་དང་། ཚོགས་ཆུང་གི་ལས་དོན་འགོ་འཛུགས་བྱས་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།