ཡོས་ཁི་རན་དང་ཨུ་རུ་སུའི་འཐབ་འཁྲུག་དང་རྒྱལ་ཁབ་ཚོས་དེ་ལ་ལྟ་སྟངས། ཡོས་ཁི་རན་གྱི་སྲིད་འཛིན་གྱི་འབོད་སྐུལ།
ཨ་ནུ་ཐང་བསོད་ནམས། ༢༤། ༢། ༢༠༢༢
ཡོས་ཁི་རན་གྱི་སྲིད་འཛིན་གྱིས་རང་གི་རྒྱལ་ཁབ་སྲུང་སྐྱོབ་ཀྱི་ཆེད་དུ་ང་ཚོ་འཇིགས་སྣང་སྐྱེས་མི་ཉན་པ་བློ་སྟོབས་ཆེན་པོས་སྒོ་ནས་འཐབ་འཁྲུག་བྱེད་དགོས་ཚུལ་དང་། འཐབ་འཁྲུག་བྱེད་ཆེད་དུ་ལུས་ཕུང་བདེ་ཐང་ཡོད་པའི་མི་ཀུན་གྱིས་མེ་མདའ་ཁུར་ནས་ཨུ་རུ་སུ་ལ་དམག་འཁྲུག་བྱེད་དགོས་བའི་འབོད་སྐུལ་བྱས་འདུག དེར་བརྟེན། ཡོས་ཁི་རན་གྱི་མི་མང་པོ་དང་བླངས་ཀྱིས་དམག་ལ་ཞུགས་བཞིན་འདུག་ལ། མི་མང་པོས་སྨན་ཁང་ལ་རང་གི་ཁྲག་སྦྱིན་པར་གཏོང་བཞིན་ཡོད། སྦྱིན་གཏོང་དགོས་དོན་ཡང་། གལ་སྲིད་དམག་འཁྲུག་གི་སྐབས་སུ་རྨས་སྐྱོན་ཕོག་མཁན་ཚོ་ལ་ཁྲག་དགོས་ན་སྤྲོད་རྒྱུའི་གྲ་སྒྲིག་རེད། ཡིན་ཡང་། མི་མང་པོ་དེ་རིང་ཡོས་ཁི་རན་གྱི་རྒྱལ་ས་ཁེ་ཝི་ནས་ཕྱི་རུ་འབྲོ་བཞིན་ཡོད་པས་རླངས་འཁོར་མང་བས་ལམ་ཁ་འགག་འདུག་ལ། དེ་དག་ལས་མང་ཤོས་ནི་གྲོང་གསེབ་དང་། གྲོང་ཁྱེར་ཆུང་ཆུང་ཚོའི་རང་གི་ནང་མི་དང་། ཁང་བའི་ནང་དུ་ཉེན་ཡོལ་དུ་འགྲོ་ཆེད་དུ་རེད། ད་ལྟ་ཡོས་ཁི་རན་གྱི་ནང་དུ་ཆུ་ཚོད་ངེས་ཅན་གྱི་ནང་ད་ཕྱི་ལ་འགྲོ་མི་ཆོག་པའི་དམག་དོན་བཀའ་རྒྱ་བསྒྲགས་འདུག
ཡོས་ཁི་རན་གྱི་ཁྱིམ་མཚེས་རྒྱལ་ཁབ་གསི་ལོ་ཝ་ཁི་དང་ཕོན་ལན་ཊི། ཧན་གྷ་རི་བཅས་ཀྱིས་ཡོས་ཁི་རན་གྱི་སྐྱབས་བཅོལ་བ་ཚོར་སྣེ་ལེན་བྱེད་རྒྱུའི་གྲ་སྒྲིག་བྱེད་ཀྱི་འདུག་ལ། གསི་ལོ་ཝ་ཁི་ཡིས་ཡོས་ཁི་རན་གྱི་སྐྱབས་བཅོལ་བ་ལེན་སའི་སྡོད་སྒར་ཡང་རྒྱག་འགོ་བཙུགས་འདུག མ་ཟད་ཡོ་རོབ་ཀྱི་རྒྱལ་ཁབ་ཅེག་སྤྱི་མཐུན་རྒྱལ་ཁབ་( Czech Republic) ལྟ་བུ་ཡིན་ཡང་ཡུལ་དེའི་ནང་དུ་ཡོས་ཁི་རན་ནས་ཡོད་མཁན་གྱི་གཉེན་ཉེ་ཡོད་ན། visa ཞུ་མི་དགོས་པར་ནང་མི་ལེན་ཆོག་པ་བཟོས་འདུག དེ་ལྟར་བྱས་ན་ཡོས་ཁི་རན་གྱི་མི་མང་པོ་ཅེག་ལ་ལེན་ཐུབ་ཅིང་། ཐུབ་དགོས་དོན་ཡང་ཅེག་གི་ནང་དུ་ཡོས་ཁི་རན་གྱི་མི་འབུམ་གཉིས་དང་ཁྲི་དྲུག་ལས་ཀའི་མཐོང་ཆེན་དང་། བཅའ་སྡོད་ཀྱི་ཡིག་ཆའི་ཐོག་ནས་སྡོད་ཀྱི་ཡོད་པས་རེད། མ་ཟད་འབུམ་གཅིག་དང་ལྷག་ཅེག་མི་སེར་ལ་གྱུར་ཟིན་པས་དེ་དག་ཀུན་བསྡོམས་ན། ཡོས་ཁི་རན་གྱི་མི་མ་མཐའ་ཡང་འབུམ་བཞི་ཙམ་ཅེག་གི་ནང་སུ་སྡོད་ཀྱི་ཡོད། དེ་དག་གི་རང་གི་ཁྱིམ་མི་ལ་ visa ཞུ་མི་དགོས་བ་ཅེག་གི་ནང་དུ་ལེན་ཆོག་པ་བཟོས་འདུག
ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཀུན་དང་ལྷོ་ཀོ་རི་ཡ་བཅས་ཀྱིས་ར་ཤི་ཡས་ཡོས་ཁི་རན་ལ་བཙན་འཛུལ་བྱས་པར་ངོས་འཛིན་བྱས་ནས་ཁ་རྡུང་གཏོང་བཞིན་ཡོད་ཀྱང་། རྒྱ་གར་གྱིས་རང་གི་མི་སེར་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་ཀྱི་ཡིན་ཟེར་ནས་བར་གནས་སུ་ཞུགས་འདུག རྒྱ་ནག་གིས་ཀྱང་ཕྱོགས་ཡོངས་ལ་བལྟས་ནས་ཐག་གཅད་དགོས་ཟེར་ནས་བར་གནས་ལྟ་བུའི་སྐད་ཆ་བཤད་འདུག ཏུར་ཁིས་ཀྱང་ར་ཤི་ཡས་ཡོས་ཁི་རན་ལ་བཙན་འཛུལ་བྱས་པར་ངོས་འཛིན་བྱས་ཏེ་ཨུ་རུ་སུ་ལ་ཁ་རྡུང་བཏང་འདུག་ཀྱང་། ཡོས་ཁི་རན་གྱིས་ཏུར་ཁ་ལ་རྒྱ་མཚོ་ནག་པོ Black Sea ནང་དུ་ར་ཤི་ཡ་ལ་མཚོ་གྲུའི་འགྲོ་ལམ་མ་གཡར་ལབ་ནས་རེ་བ་ཞུས་ཀྱང་། ཏུར་ཁིས་དེ་ལ་ཉན་མི་འདུག ར་ཤི་ཡ་ལ་འཚོ་ལམ་མུ་མཐུད་དེ་འགྲོ་བཅུག་པས་ཏུར་ཁིས་མགོ་གཉིས་མའི་ཆབ་སྲིད་རྒྱུན་ལྡན་ལྟར་འཁྲབ་འདུག
དེ་རིང་ཨུ་རུ་སུས་ཡོས་ཁི་རན་གྱི་དམག་གི་རྟེན་གཞི་ཁག་ལ་མཁའ་ཐོག་ནས་གཏོར་རྒོལ་བཏང་ཞིང་། ར་ཤི་ཡས་བརྗོད་ན་ཡོས་ཁི་རན་གྱི་མཁའ་ཐོག་གི་སྟོབས་ཤུགས་ཉམས་བཅུག་ཅིང་། ཡོས་དམག་བྲོས་ཡོད་ཚུལ་གྱི་དཔའ་གཏམ་བསྒྲགས་ཀྱི་ཡོད་ཀྱང་། ཡོས་ཁི་རན་གྱིས་དེ་ལ་ངོས་ལེན་བྱེད་ཀྱི་མེད། ཁོང་ཚོས་ཨུ་རུ་སུའི་གནམ་གྲུ་དྲུག་ཙམ་གཏོར་ཐུབ་ཡོད་ཚུལ་བརྗོད་འདུག དོན་དངོས་ར་ཤི་ཡས་ཡོས་ཁི་རན་གྱི་མཁའ་དམག་གི་དྲ་རྒྱའི་བརྡ་རྟགས་འཛིན་སྣོད་ Satellite ཁག་ཅིག་དང་། གནམ་ཐང་ཁག་ཅིག་གཏོར་ཡོད་པ་དངོས་འབྲེལ་རེད། ཅེག་རྒྱལ་ཡོངས་ཀྱི་བརྙན་འཕྲིནČT 24 ནང་དུ་ “ཡོས་ཁི་རན་གྱི་སྲིད་འཛིན་གྱིས་བརྗོད་ན་ཡོས་ཁི་རན་གྱི་རྒྱལ་ས་ཁེ་ཝིའི་གནམ་ཐང་ཨུ་རུ་སུས་འཕྲོག་ཟིན་ཚུལ་བརྗོད་འདུག་ཀྱང་། དེ་རིང་དགོང་མོའི་ཆུ་ཚོད ༩ སྟེང་དུ་ཡོས་ཁི་རན་གྱིས་ཚུར་ལེན་ཐུབ་ཡོད་ཚུལ་བརྗོད་འདུག” ཡིན་ཡང་། གནས་ཚུལ་ཁུང་བདེན་ཡིན་མིན་ད་དུང་སྐྱེལ་ཐུབ་ཀྱི་མེད།
བདུན་སྔོན་མའི་ནང་དུ་ཨ་སྒོར་གཅིག་ལ་ཨུ་སྒོར་༧༥ ཡིན་ཡང་། དེ་རིང་ཨུ་རུ་སུའི་སྒོར་མོའི་འཛའ་མར་ལ་ཆགས་ཤིང་། ཨ་སྒོར་གཅིག་ལ་ཨུ་སྒོར་༡༠༠ སྤྲོད་དགོས་འཁེལ་བས་ར་ཤི་ཡའི་མི་མང་པོས་ཨ་སྒོར་དང་ཡོ་སྒོར་ཉོ་འགོ་བཙུགས་པས། ར་ཤ་ཡའི་གཞུང་གི་དངུལ་ཁང་གིས་དེ་ལ་སྟངས་འཛིན་བྱས་འདུག ཡིན་ཡང་། གསེར་དང་སྣུམ་གོང་ཡར་ལ་འཕར་བས་དེས་སྣུམ་གྱི་བདག་པོ་ཨུ་རུ་སུ་ལ་ཁེ་ཕན་རེག་གི་ཡོད། ཅེག་རྒྱལ་ཁབ་ཡིན་ཡང་། ད་ནས་བཟུང་ཉིན་༡༤ རིང་དུ་གསོ་རླངས་འདང་རྒྱུ་ལས། དེ་ལས་ལྷག་གི་མི་འདང་བའི་དཀའ་ངལ་འཕྲད་ཀྱི་ཡོད་ལ། དེེ་བཞིན་ཨུ་རུ་སུའི་གསོ་རླངས་ལ་བརྟེན་པའི་འཇར་མན་གཙོ་བོར་གྱུར་པའི་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་ལ་དཀའ་ངལ་འཕྲད་རྒྱུ་ཡིན་པས་ད་ལྟ་དེ་དོན་ལ་གྲོས་མོལ་གྱིས་ཐབས་ཤེས་འཚོལ་བཞིན་ཡོད།
ནུབ་ཕྱོགས་པས་ར་ཤི་ཡར་དཔལ་འབྱོར་གྱི་ཉེས་ཆད་གཅོད་རྒྱུའི་ཐག་གཅོད་བྱེད་ཀྱི་ཡོད་ཀྱང་། དཔལ་འབྱོར་གྱི་ཉེས་ཆད་ནན་པོ་བཅད་པ་ཡིན་ན། ཨུ་རུ་སུ་ཙམ་མིན་པར་དེས་འཇར་མན་གྱི་དཔལ་འབྱོར་ལ་ཚབས་ཆེན་གྱི་གནོད་སྐྱོན་གཏོང་བས་ཅི་བྱ་གཏོལ་མེད་ཀྱིས་བགྲོ་གླེང་བྱེད་མུས་རེད་འདུག རྒྱུ་མཚན་ནི། འཇར་མན་གསོ་རླངས་ཀྱི་༤༠% དང་སྣུམ་གྱི་༣༥% ཨུ་རུ་སུ་ལ་བརྟེན་ནས་ཡོད་པས་རེད།།
ནང་དོན་འགྱུར་ཚད་ལྡན་བྱུང་ཡོད་མེད་ལ་གཤམ་གྱི་གསར་ཁང་ཁག་གི་སྐད་ཡིག་གཞི་འཛིན་དགོས།
Vojáci bojujío letištěHostomel u Kyjeva. Ukrajina se obávápokusu o zajetínejvyššího vedenízemě— ČT24 — Českátelevize
https://ct24.ceskatelevize.cz/…/3447120-vojaci-bojuji-o…