རིས་མེད་ཀྱི་མདོ་སྔགས་ཟུང་གི་ལྟ་གྲུབ་བགྲོ་གླེང་ཚོགས་ཆེན་ཐེངས་དང་པོ།
ཕྱི་ལོ་༢༠༡༧ ལོར་གནས་མཆོག་རྡོ་རྗེ་གདན་དུ་༧གོང་ས་ལྷ་མིའི་རྣམ་འདྲེན་༧སྐྱབས་མགོན་ཡིད་བཞིན་ནོར་བུའི་ཞལ་སྔ་ནས་དཔལ་དུས་ཀྱི་འཁོར་ལོ་དབང་ཆེན་ཐེངས་༣༤ པ་བསྩལ་སྐབས་རྒྱལ་སྤྱིའི་རིས་མེད་ཆོས་བརྒྱུད་མཐུན་ཚོགས་དབུས་རྒྱུན་སྐབས་བཞི་པའི་གོ་སྒྲིག་འོག རིས་མེད་ཀྱི་དགེ་མཚན་གླེང་བ་ཞེས་པའི་བགྲོ་གླེང་གི་ཉིན་མཐའ་མར་རྒྱལ་སྤྱིའི་རིས་མེད་ཆོས་བརྒྱུད་མཐུན་ཚོགས་ཀྱི་གྲོས་ཆོད་ལྟར། རྒྱ་གར་ས་གནས་རིས་མེད་མཐུན་ཚོགས་གསར་དུ་དབུ་འཛུགས་ཞུས་ཤིང་། ཚོགས་གཙོ་ཁྲིཿའགྱུར་མེད་རྡོ་རྗེ་དང་། ཚོགས་གཞོན་བླ་མ་ཡོན་ཏན་རྒྱ་མཚོ། དྲུང་ཆེ་མཁན་པོ་ཚེ་དབང་རིག་འཛིན་བསམ་འགྲུབ། དྲུང་གཞོན་ཀརྨ་ཚུལ་ཁྲིམས་བཟང་པོ། དངུལ་གཉེར་རྒན་པ་མཁན་པོ་འགྱུར་མེད་རྡོ་རྗེ། དངུལ་གཉེར་གཞོན་པ་དགེ་བཤེས་བློ་བཟང་དབང་གྲགས། དཔལ་འབྱོར་འགན་འཛིན་རྒན་པ་དོལ་པོ་དགེ་བཤེས་ཕུན་ཚོགས་ཉི་མ། དཔལ་འབྱོར་འགན་འཛིན་གཞོན་པ་དོལ་པོ་དགེ་བཤེས་ཤེས་རབ་རྣམ་རྒྱལ། དྲ་རྒྱ་གཙོ་སྒྲིག་པ་རྒན་པ་མཁན་པོ་འཇམ་དབྱངས་མཁྱེན་བརྩེ། དྲ་རྒྱ་གཙོ་སྒྲིག་པ་གཞོན་པ་མཁན་པོ་ཀུན་དགའ་འཚམས་ཆུང། དྲིལ་བསྒྲགས་པ་རྒན་པ་དགེ་བཤེས་བློ་བཟང་བསམ་གཏན། དྲིལ་བསྒྲགས་པ་གཞོན་པ་མཁན་པོ་འགྱུར་མེད་དབང་ཆེན་བཅས་ལས་གྲུབ་པའི་རྒྱ་གར་ས་གནས་རིས་མེད་མཐུན་ཚོགས་ཀྱི་རྒྱུན་ལས་སྐབས་དང་པོའི་གོ་སྒྲིག་འོག ཕྱི་ལོ་༢༠༡༨ ལོའི་ཕྱི་ཟླ་༤ པའི་ཕྱི་ཚེས་༢༣ དང་༢༤ བཅས་ཉིན་གཉིས་རིང་། གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རི་གླིང་དུ་རིས་མེད་ཀྱི་མདོ་སྔགས་ཟུང་གི་བགྲོ་གླེང་ཐེངས་དང་པོ་དེ་འཚོག་གཏན་འཁེལ་ཡོད་པ་ལགས་ན། འཛམ་གླིང་ཡུལ་གྲུ་གང་སར་བཞུགས་པའི་རྒྱ་ཆེའི་དོན་གཉེར་ཅན་རྣམས་ཀྱིས་དེ་ལུགས་དགོངས་མངའ་ཞུ། སྐབས་དེར་དྲ་རྒྱའི་མཐུན་རྐྱེན་འཛོམས་ཚེ་དྲ་ལམ་ཐོག་ནས་བགྲོ་གླེང་ཐད་གཏོང་བྱ་འཆར་ཡོད་པས་དོན་གཉེར་ཅན་གང་མང་མཉམ་ཞུགས་ཐུབ་པའི་རེ་བ་ཞུ།།
