རྒྱ་གཞུང་གིས་ཐའེ་ཝན་དང་འབྲེལ་ལམ་བཅད་པ།

རྒྱ་ནག་གཞུང་གིས་ཚའེ་དབྱིང་ཝན་གྱིས་འགོ་ཁྲིད་པའི་ཐའེ་ཝན་གཞུང་དང་རྒྱ་ནག་སྐམ་ས་ཆེན་མོའི་གཞུང་བར་གྱི་འབྲེལ་ལམ་བཅད་ཡོད་འདུག

13530741_1196942876996246_1403508020_nདེ་ཡང་ཟླ་འདིའི་ཚེས་༢༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཨལ་ཇེ་ཛི་ར་ཡིས་བཏོན་པའི་གནས་ཚུལ་ལ་གཞིགས་ན། དེ་སྔོན་ནས་རྒྱ་ནག་གཞུང་གིས་ཐའེ་ཝན་གྱི་སྲིད་འཛིན་གསར་པ་ཚའེ་དབྱིང་ཝན་ལ་ཕྱི་ལོ་༡༩༩༢ ལོར་རྒྱ་ནག་དམར་ཤོག་གཞུང་དང་ཐའེ་ཝན་གཞུང་བར་རྒྱ་ནག་གཅིག་ལས་མེད་པའི་བསམ་ཚུལ་ལ་མོས་མཐུན་བྱུང་བ་དེ་ངོས་ལེན་བྱེད་དགོས་པའི་ཨུ་ཚུགས་བརྒྱབ་ཡོད་ཀྱང། མོས་དེར་ད་བར་མོས་མཐུན་དང་དགག་པ་གང་ཡང་བྱས་མེད་པར་བརྟེན། ཟླ་འདིའི་ཚེས་༢༥ ཉིན་རྒྱ་ནག་གི་ཐའེ་ཝན་དང་འབྲེལ་མཐུད་ལས་ཁང་གི་དྲ་ཐོག་ཏུ། གོང་གི་གནས་ཚུལ་དེ་ལུང་འདྲེན་ཐོག ཟླ་༥ པའི་ཚེས་༢༠ ནས་བཟུང་ཕྱོགས་གཉིས་བར་འབྲེལ་ལམ་བཅད་ཟིན་པ་རེད་ཅེས་བཀོད་ཡོད་འདུག

ཐའེ་ཝན་གྱི་སྲིད་འཛིན་མཱ་ཡེ་ཅུན་ཡིན་སྐབས་ཁོང་གིས་རྒྱ་ནག་དང་འབྲེལ་ལམ་ཟབ་ཏུ་བཏང་ཡོད་པ་དང། ཕྱོགས་གཉིས་བར་ཚོང་འབྲེལ་དང་ཡུལ་སྐོར་སྤྲོ་འཆམ་དང་འབྲེལ་བའི་གན་རྒྱ་སོགས་མང་པོ་བཞག་ཡོད་འདུག་ཀྱང་། ཐའེ་ཝན་མི་མང་ནས་རྒྱ་ནག་སྐམ་ས་ཆེན་མོར་དཔལ་འབྱོར་གྱི་གཞི་བརྟེན་བཅོལ་རྒྱུ་མང་དྲག་ན། ཐའེ་ཝན་གྱི་མང་གཙོའི་རང་དབང་སོགས་ལ་གནོད་སྐྱོན་ཡོང་བར་དོགས་ཟོན་ཆེན་པོ་བྱེད་ཀྱི་ཡོད་པ་རེད། ཉེ་བའི་ཕྱི་ལོ་༢༠༡༦ ལོའི་ཐའེ་ཝན་གྱི་འོས་བསྡུ་ཆེན་མོའི་ཁྲོད། མང་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཚེའི་དབྱིང་ཝན་ལ་རྒྱལ་ཁ་ཤུགས་ཆེན་ཐོབ་ནས། ཟླ་༥ པའི་ནང་སྲིད་འཛིན་དམ་འབུལ་བྱས་ཡོད་པ་རེད། རྒྱ་ནག་གཞུང་ནས་ལྕམ་ཚའེ་བྱིང་ཝན་གྱི་འགོ་ཁྲིད་པའི་གཞུང་འཛིན་ཚོགས་པ་དེར། ཐའེ་ཝན་གྱི་རང་བཙན་མངོན་འདོད་ལ་རྒྱབ་སྐྱོར་ཤུགས་ཆེན་ཡོད་པར་དོགས་པ་བྱེད་བཞིན་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།