རྒྱ་གཞུང་གིས་མི་མང་ལ་དངུལ་སྤྲད་ནས་གནས་ཚུལ་རག་ཐབས་བྱེད་བཞིན་པ།

ཟླ་འདིའི་ཚེས་༨ཉིན་editorjiཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གཞུང་གིས་མི་མང་ལ་དངུལ་སྤྲད་ནས་གནས་ཚུལ་མཁོ་སྒྲུབ་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ཐད་ཀྱི་ཁྲིམས་འགལ་བྱེད་མི་དག་རྩིས་སྤྲོད་བྱེད་མཁན་ལ་རྒྱ་སྒོར་འབུམ་གཅིག་དང་། ཡང་ན་ཨ་སྒོར་སྟོང་ཕྲག་བཅོ་ལྔའི་བྱ་དགའ་གསོལ་རས་དང་ལག་འཁྱེར་སྤྲད་རྒྱུ་ཡིན་པར་རྒྱ་ནག་གཞུང་གིས་

གསལ་བསྒྲགས་བཏང་ཡོད་འདུག

རྒྱ་ཕྱི་ནང་གཉིས་སུ་གནས་སྡོད་བྱེད་མཁན་རྒྱ་ནག་གི་མི་སེར་སུས་རྒྱ་གཞུང་གི་བདེ་འཇགས་ཐད་ཀྱི་ཁྲིམས་འགལ་བྱེད་མཁན་དང་རྒྱ་ནག་གི་བདེ་འཇགས་ལ་གནོད་པའི་བྱ་སྤྱོད་དག་སྦྲག་ཐོག་དང་། དྲ་ཐོག་སོགས་ཐབས་ལམ་གང་གི་ཐོག་ནས་རྒྱ་ནག་གསང་པའི་ལས་ཁུངས་སུ་མཁོ་སྤྲོད་བྱེད་ཆོག་པ་དང་། གནས་ཚུལ་

གཅིག་མི་གཉིས་སམ་དེ་ལས་མང་བས་མཁོ་སྤྲོད་བྱེད་ཡོད་ན། གནས་ཚུལ་མཁོ་སྤྲོད་བྱེད་མཁན་དང་པོ་དེར་ཁས་ལེན་བྱེད་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་དམར་ཤོག་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་༢༠ པ་དེ་ལོ་འདིའི་ལོ་མཇུག་ཏུ་འགོ་འཛུགས་བྱེད་རྒྱུ་ཡིན་པ་དང་། རྒྱལ་ཡོངས་ཀྱི་ཚོགས་ཆེན་དེ་ནིི་ལོ་ལྔ་རེའི་མཚམས་སུ་ཐེངས་རེ་ཚོགས་ནས་མ་འོངས་ལོ་ལྔའི་རིང་རྒྱལ་ཁབ་ཀྱི་སྲིད་འཛིན་སུས་བྱེད་དགོས་མིན་དང་། རྒྱ་ནག་གི་ཁ་ཕྱོགས་ག་རེ་ཡིན་མིན་བཅས་ཀྱི་ཐོག་ལ་ཐག་གཅོད་བྱེད་ཀྱི་ཡོད་པ་རེད་འདུག རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་བྱ་སྤྱོད་རིགས་རྩིས་སྤྲོད་བྱས་ན་བྱ་དགའ་གསོལ་རས་སྤྲོད་རྒྱུ་ཡི་གསལ་བསྒྲགས་དེ་ཡང་རྒྱ་ནག་གི་ཚོགས་ཆེན་ཐེངས་༢༠ པ་བསླེབ་ལ་ཉེ་བའི་དུས་འདིར་ཁྱབ་བསྒྲགས་བྱས་ཡོད་འདུག

རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན་འདས་པའི་ལོ་ཁ་ཤས་ཀྱི་རིང་དུ་དེ་ལྟ་བུའི་ལས་འགུལ་ཐེངས་མང་སྤེལ་ཡོད་འདུག ལྷག་པར་དུ་སྤྱི་ལོ་༢༠༢༠ ལོར་རྒྱ་ནག་གིས་སྤྱི་ཚོགས་ཡིད་རྟོན་ལམ་ལུགས་

(Social credit system)ཞེས་པའི་ལམ་ལུགས་འོག་མི་ཞིག་གི་འགྲོ་འདུག་སྤྱོད་གསུམ་གྱི་ཐོག་ལ་རྟོག་ཞིབ་བྱས་ནས། རྒྱ་ནག་གཞུང་གིས་ཡིད་རྟོན་རུང་བ་ལ་བྱ་དགའ་དང་མི་རུང་བ་ལ་ཉེས་ཆད་གཅོད་ཀྱིི་ཡོད་པར་བརྟེན། ལམ་ལུགས་དེའི་འོག་ཏུ་རྒྱ་ནག་མི་མང་ས་ཡ་༡༡ལྷག་གནམ་གྲུའི་ནང་འགྲོ་མི་ཆོག་པ་དང་མི་མང་ས་ཡ་༤་ལྷག་མི་འཁོར་ནང་དུ་ཡང་འགྲོ་མི་ཆོག་པ་བཟོས་ཡོད་རབས་ཀྱི་གནས་ཚུལ་མང་དག་གཅིག་ཐོན་ཡོད་པ་རེད། །

གསར་འགོད་པ་བློ་བཟང་རྒྱ་མཚོ།