རྒྱ་གཞུང་ལ་ངོ་རྒོལ་བ་ཞིག་གློད་གྲོལ།
ཟླ་འདིའི་ཚེས་༡༥ ཉིན་བོད་མདོ་སྨད་རྔ་བ་རྫོང་རྨེའུ་རུ་མ་ཡུལ་ཚོའི་ཐོག དབང་མོས་རྒྱ་གཞུང་ལ་ངོ་རྒོལ་ཁྲོམ་སྐོར་བྱས་ཏེ། ཉེན་རྟོག་པས་འཇུ་བཟུང་བཀག་ཉར་བྱས་ཡོད་ནའང་། ཟླ་འདིའི་ཚེས་༢༢ ཉིན་གློད་གྲོལ་གཏོང་སྐབས། ནང་མི་ས་གནས་བོད་མི་ཚོས་ཁ་བཏགས་འཐེན་ཏེ་སྣེ་ལེན་བྱས་ཡོད་པ་རེད།
ཁོང་གློད་གྲོལ་གཏོང་དོན་ནི་སྡེ་བའི་མགོ་ཁྲིད་ཚོས་ས་གནས་ཉེན་རྟོག་པར། ཁོང་མོའི་བུ་ཕྲུག་ཆུང་ཆུང་གཉིས་ལ་གཉོར་སྐྱོང་བྱེད་མཁན་མེད་པ་དང་། རྗེས་སུ་ངོ་རྒོལ་དེའི་རིགས་ཀྱི་གནས་ཚུལ་མི་སྤེལ་རྒྱུའི་ཁག་ཐག་བྱས་ཡོད་འདུག །
འཇུ་བཟུང་སྐབས་ཀྱི་གནས་ཚུལ།