རྒྱ་གར་ཁ་ཆེ་བ་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་འདུག

རྒྱ་གར་བྱང་ཕྱོགས་ཡུ་པི་མངའ་སྡེའི་གྲོང་ཁྱེར་ལག་ནའོ་ནང་དུ། ཁ་ཆེ་མི་རིགས་མང་པོ་ཞིག་གིས། རྒྱ་ནག་གཞུང་གིས་ཤིན་ཅང་གི་ཡུ་གུར་མི་རིགས་ཚོར་ཁ་ཆེའི་བསྙུང་གནས་སྲུང་བརྩི་བྱེད་མི་ཆོག་པའི་དམ་བསྒྲགས་ལ་ངོ་རྒོལ་བྱས་འདུག

13393054_1186268201397047_610110692_nདེ་ཡང་ཟླ་འདིའི་ཚེས་༦ ཉིན་རྒྱ་ནང་གཞུང་གིས། ཡུ་གུར་མི་རིགས་ཚོར་ཟླ་གཅིག་རིང་གི་ཁ་ཆེའི་བསྙུང་གནས་སྐབས་སུ། སློབ་ཕྲུག་དང་གཞུང་གི་ལས་བྱེད་རྣམ་ཟས་གཅོད་སོགས་ཀྱི་བྱེད་སྒོ་ལ་ཞུགས་མི་ཆོག་པའི་བཀའ་བཏང་ཡོད་པས། ཟླ་འདིའི་ཚེས་༧ ཉིན་རྒྱ་གར་ལག་ནའོ་རུ་ཁ་ཆེ་བ་མང་པོ་ཞིག་གིས། རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕིང་གི་དཔར་དང་འདྲ་གཟུགས་མེར་སྲེག་ནས་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག

ངོ་རྒོལ་བ་ཞིག་གིས་“གལ་སྲིད་རྒྱ་ནག་གཞུང་གིས་ཡུ་གུར་ཁ་ཆེ་ཚོར་བསྙུང་གནས་བསྲུང་བརྩི་བྱེད་མི་ཆོག་པའི་དམ་བསྒྲགས་དེ། ཉིན་གཅིག་དང་གཉིས་ནང་ཚུན་ཕྱིར་འཐེན་མ་བྱས་ན། ང་ཚོས་རྒྱ་ནག་ནས་ནང་འདྲེན་བྱས་པའི་ཅ་དངོས་ཚང་མ་མེར་སྲེག་རྒྱུ་ཡིན། དེ་བཞིན་དེ་གར་ཡོད་པའི་ཚོང་པ་ཚང་མས་ང་ཚོ་ལ་རྒྱབ་སྐྱོར་ཐོག རྒྱ་ནག་གི་ཅ་དངོས་མི་བཙོང་བའི་གདེངས་ཚོད་ཡོད་”ཅེས་དང། གཞན་ཞིག་གིས་“རྒྱ་ནག་གཞུང་གིས་བསྙུང་གནས་བཀག་འགོག་བྱས་པ་དེ་ནི། འཛམ་གླིང་གི་ཁ་ཆེ་ཚང་མར་གཉའ་གནོན་བྱས་པ་ཡིན་པས། བཀའ་ཁྱབ་དེ་མྱུར་དུ་ཕྱིར་འཐེན་བྱེད་དགོས་”ཞེས་བརྗོད་འདུག །
ད་ལྟ་རྒྱ་ནག་གི་འོག་ཏུ་ཁ་ཆེ་བ་ས་ཡ་༢༠ ལྷག་ཡོད་འདུག
གསར་འགོད་པ་སྐལ་བཟང་དོན་གྲུབ།