རྒྱ་གར་གྱི་ཤོག་དངུལ་༡༠༠༠ དང་༥༠༠ ལོར་ཁྲོམ་ར་ནས་བཀག་འགོག
ཟླ་འདིའི་ཚེས་༨ གྱི་མཚན་དཀྱིལ་ཆུ་ཚོད་༡༢ ནས་ཧིན་སྒོར་ཤོག་དངུལ་༥༠༠ དང་༡༠༠༠ ལོར་གཉིས་ཀ་ཁྲོམ་ར་ནས་ངོས་ལེན་མེད་པའི་ཁྱབ་བསྒྲགས་རྒྱ་གར་སྲིད་བློན་མོ་དྷི་ཡིས་གནང་འདུག
དེ་ཡང་༢༠༡༦ ལོའི་ཟླ་བ་༡༡ ཚེས་༨ ཀྱི་དགོང་དྲོ་ཆུ་ཚོད་༡༢ ལ་ཁྲོམ་ར་ནས་ཧིན་སྒོར་༡༠༠༠ དང་། ༥༠༠ ཕར་སྤྲད་ཚུར་ལེན་བྱ་མི་ཆོག་ནའང་། སྨན་ཁང་དང་འགྲིམ་འགྲུལ་ཁང་ནས་དངུལ་ལེན་གྱི་ཡོད་པ་རེད།
༢༠༡༦ ལོའི་ཟླ་བ་༡༡ ཚེས་༡༠ ནས། ཟླ་བ་༡༢ ཚེས་༣༠ བར། ཧིན་སྒོར་༡༠༠༠ དང་༥༠༠ ལོར་དངུལ་ཁང་དང་སྦྲགས་ཁང་ནས་དངུལ་གསར་རྙིང་བརྗེ་པོ་རྒྱག་གི་ཡོད་པ་རེད། ཕྱི་ཟླ་༡༡ ཚེས་༨ ནས་ཉིན་གཉིས་རིང་དངུལ་ཁང་ནས་དངུལ་ལེན་ཐུབ་ཀྱི་མེད་པ་དང་། ཚེས་༡༠ ནས་དངུལ་ཁང་ནས་ཤོག་དངུལ་གསར་པ་ལེན་ཐུབ་ཀྱི་ཡོད་པ་རེད།
རྒྱ་གར་གཞུང་གིས་དེ་འདྲ་བྱེད་དགོས་དོན་ལྐོགས་ཟ་རུལ་སོང་དང་། གཞུང་ལ་ཁྲལ་མ་སྤྲད་པར་སྒེར་གྱི་ནང་དུ་དངུལ་འབོར་ཆེན་ཉར་མཁན་འགོག་ཐབས། དེ་བཞིན་ཤོག་དངུལ་རྫུན་མ་སྔོན་འགོག་ཆེད་དུ་ཡིན་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།