རྒྱ་གར་མི་མང་གི་བརྒྱ་ཆ་ ༧༣ ལྷག་གིས་བོད་རང་བཙན་བསྐྱར་གསོ་བྱེད་འདོད་འདུག་ཟེར།

རྒྱ་གར་བ་ཕལ་་ཆེས་ད་ལྟའི་རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག་སེལ་བའི་སླད་དུ་བོད་ལོ་རྒྱུས་སུ་གསལ་བ་ལྟར་བར་གནས་རྒྱལ་ཁབ་(buffer zone)ཏུ་བསྐྱར་གསོ་བྱེད་འདོད་འདུག
ཕྱི་ཟླ་ ཚེས་ ༢༡ ཉིན་ད་ལྟའི་དུས་བབ་(Times Now) ཅེས་པའི་རྒྱ་གར་གྱི་གསར་ཁང་ཞིག་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་ཨེ་ཤི་ཡའི་གསར་འགྱུར་ཞབས་ཞུ་ཁང་(Indo-Asian News Service) གིས་མི་མང་གི་ཁྲོད་ནས་བོད་ཀྱི་གནད་དོན་དང་འབྲེལ་བའི་བསམ་ཚུལ་བསྡུ་ལེན་བྱས་པའི་ནང་། རྒྱ་གར་བ་ཕལ་མོ་ཆེས་ད་ལྟའི་རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག་སེལ་བའི་སླད་དུ་བོད་ལོ་རྒྱུས་སུ་གསལ་བ་ལྟར་བར་གནས་རྒྱལ་ཁབ་(buffer zone) ཏུ་སླར་གསོ་བྱེད་འདོད་ཡོད་ཚུལ་བརྗོད་འདུག

དེ་ཡང་གསར་ཁང་དེས་ཁྱོད་ཀྱིས་བལྟས་ན། རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྩོད་རྙོག་སེལ་བའི་ཆེད་དུ་བོད་ལོ་རྒྱུས་སུ་གསལ་བ་ལྟར་བར་གནས་རྒྱལ་ཁབ་ཅིག་གམ་ཞི་བདེའི་བསྟེ་གནས་ཤིག་ཏུ་བསྐྱར་གསོ་བྱེད་རྒྱུ་དེ་གལ་ཆེན་པོ་རེད་དམ་ཞེས་པའི་བསམ་ཚུལ་བསྡུ་ལེན་གྱི་དྲི་བ་ཞིག་དྲིས་པར། ལན་རྒྱག་མཁན་གྱི་བརྒྱ་ཆ་ ༧༣. གྱིས་དེ་གལ་ཆེན་ཡིན་པ་དང་། བརྒྱ་ཆ་ ༡༣. ཀྱིས་གལ་ཆེན་མིན་པ། དེ་མིན་ད་དུང་བརྒྱ་ཆ་ ༡༢. གིས་གནད་དོན་དེར་ལན་རྒྱག་མི་ཐུབ་ཚུལ་བཅས་བཤད་ཡོད་འདུག

ཐེངས་འདིའི་གྲུབ་དོན་དེ་ནི། རྒྱ་གར་གྱི་ས་གནས་གང་སར་ཡོད་པའི་མི་མང་ ,༠༠༠ གྱི་བསམ་ཚུལ་བསྡུ་ལེན་བྱས་པར་གཞིར་བཞག་པ་ཞིག་ཡིན་འདུག

དེ་ཡིས་མ་ཚད། གསར་འགྱུར་དེའི་ནང་ད་དུང་རྒྱ་གར་མི་མང་གི་བརྒྱ་ཆ་ ༨༠ ཙམ་གྱིས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། ད་ལྟའི་ཆར་རྒྱ་གར་དུ་རྒྱ་ནག་ལ་སྡང་སེམས་ཚོར་ཤུགས་ཆེ་རུ་འགྲོ་བཞིན་ཡོད་སྟབས། བོད་དང་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་བྱེད་མཁན་ཇེ་མང་དུ་འགྱུར་བཞིན་ཡོད་ཚུལ་ཡང་འཁོད་འདུག

གསར་འགོད་པ་དཀོན་མཆོག་རབ་བརྟན།