རྒྱ་གར་ལྷོ་ཕྱོགས་སུ་འཁྲུངས་སྐར་སྲུང་བརྩི།

ཟླ་འདིའི་ཚེས་༦ ཉིན་བོད་མི་གནས་སྡོད་བྱེད་ཡུལ་འཛམ་གླིང་ས་ཕྱོགས་གང་སར་༧གོང་ས་མཆོག་དགུང་གྲངས་༨༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་བྱེད་བཞིན་ཡོད་པ་ལྟར། རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་གཞུང་འབྲེལ་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་རེད།

mail.googདེ་ཡང་ཉིན་འདིའི་ཞོགས་པ་སེར་སྐྱ་མི་མང་གིས་བོད་སྐྱོང་ལྷ་སྲུང་འཕྲིན་སྐུལ་བསངས་གསོལ་དང་སྐུ་རླུང་བསྒྲེངས་འཛུགས་བྱས་པ་དང་། མོན་གྷོ་གཞིས་སྤྱི་ཚོགས་ཁང་ནང་མཉམ་འཛོམས་ཐོག་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་འདྲེན་དང་སྣང་གསལ་མར་མེ་ཞལ་འབྱེད་དང་འབྲེལ་མཎྡལ་རྟེན་གསུམ་འདེགས་འབུལ་སོགས་སྐུའི་འཁྲུངས་སྐར་དངོས་གཞིའི་མཛད་སྒོ་གཞུང་འབྲེལ་ཐོག་སྲུང་བརྩི་ཞུས་ཡོད་པ་རེད།

མཛད་སྒོའི་ཐོག་སྐུ་མགྲོན་ཀ་ཎ་ཌ་མངའ་སྡེའི་གྲོས་ཚོགས་འཐུས་མི་Hebar དང་བདེ་སྲུང་S C patil རྣམ་གཉིས་དང་། ཕྱོགས་བཞུགས་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན། ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་སོགས་ས་གནས་ཀྱི་མཛད་གཙོ་རྣམ་པ་ཕེབས་ཡོད་པ་རེད།

ཉིན་རྒྱབ་གཞིས་སྤྱི་རྩེད་ཐང་དུ་སྐུའི་འཁྲུངས་སྐར་དང་སྟབས་སྟུན་ནས་ཉིན་མང་རིང་འགྲན་བསྡུར་བྱས་ཟིན་པའི་མཐའ་མའི་རྐང་སྤོལ་འགྲན་བསྡུར་བྱས་ཡོད་པ་རེད།

དེ་བཞིན་ཕྱི་ཚེས་༥  ཉིན་འབྲས་སྤུངས་སྒོ་མང་གྲྭ་ཚང་དང་བློ་གསལ་གླིང་གྲྭ་ཚང་། དགའ་ལྡན་ཤར་བྱང་གཉིས་བཅས་གྲྭ་ཚང་གིས་ཀྱང་སྐྱབས་གནས་མཁན་རིནཔོ་ཆེ་རྣམ་གྱི་དབུས་སྐྱབས་ཡུལ་འདུས་ཚོགས་ཡོངས་ནས་༧གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་དང་སྟབས་སྟུན་ནས་སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་དང་འབྲེལ་འཁྲུངས་སྐར་ཟབ་རྒྱས་སྲུང་བརྩི་ཞུས་ཡོད་པ་རེད།

དེ་བཞིན་ཟླ་འདིའི་ཚེས་༦  ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་༧ གོང་ས་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩིས་མཛད་སྒོ་ཞིག་སེ་ར་བླ་སྤྱི་རུ་འཚོགས་ཡོད་པ་དང་། ཉིན་འདིའི་ཞོགས་པ་ཀ་ཝ་རིས་གཙང་པོའི་ནང་ཉ་འབུམ་གཉིས་དང་ལྔ་ཁྲི་བརྒྱ་དང་ཉེར་ལྔ་༧གོང་ས་མཆིག་གི་སྐུ་ཚེ་བསྐལ་བརྒྱའི་བར་དུ་བརྟན་ཆེད་ཚེ་ཐར་སྲོག་བླུ་བཏང་ཡོད་པ་རེད།

གཞུང་འབྲེལ་དངོས་གཞིའི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་ཆོས་རིག་བཀའ་ཟུར་ཚེ་རིང་ཕུན་ཚོགས་དང་།  ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ།  འཆར་འགོད་འགན་འཛིན་དཀོན་མཆོག་བརྩོན་འགྲུས།   ལྷོ་སྤྱི་སོགས་ས་གནས་འགོ་འཛིན་རྣམ་པ་དང་། ས་གནས་ཀྱི་མཛད་གཙོ་རྣམ་པ་དང་ཕེབས་ཡོད་པ་རེད།

དེ་བཞིན་གདན་ས་ཆེན་པོ་སེ་ར་ཐེག་ཆེན་ གླིང་དང་།  ཐེག་མཆོག་རྣམ་གྲོལ་གླིང་།  བཀྲ་ཤིས་ལྷུན་པོ།  དེ་བཞིན་ས་སྐྱ་དང་།  འབྲི་གུང་བཀའ་བརྒྱུད།  ཀརྨ་བཀའ་བརྒྱུད།  འབྲུག་པ་བཀའ་བརྒྱུད།  སྔ་འགྱུར་བཙུན་དགོན།  སྔགས་པ་དགོན་པ་སོགས་རིས་མེད་ཆོས་བརྒྱུད་བཞིའི་མཁན་བླ་དགེ་འདུན་འདུས་མང་ཡོངས་དང་།  གཞན་ཡང་གཞིས་ཆགས་གསར་རྙིང་གཉིས་ཀྱི་གྲོང་སྡེ་ཁག་གི་སྤྱི་མི་བརྒྱ་དཔོན་རྣམ་པ་དང་། སེར་སྐྱ་གཉིས་ཀྱི་སློབ་གྲྭ་ཁག་གི་སློབ་སྤྱི་དབུས་པའི་དགེ་སློབ་ཡོངས་བཅས་མདོར་ན་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ལས་ཀྱི་སྣེ་མོ་བ་དང་སེར་སྐྱ་མི་མང་བཅས་འཁྲུངས་སྐར་སྲུང་བ

ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས།