རྒྱ་གར་སྲིད་བློན་མི་དྷི་ཡིས་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱའི་གལ་གནད་བརྗོད་པ།

རྒྱ་གར་གྱི་སྲིད་བློན་མོ་དྷི་ཡིས་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱའི་ཤུགས་རྐྱེན་དང་དགོས་མཁོའི་སྐོར་ལ་གཏམ་བཤད་བྱས་པ་དང། སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱས་ཁོ་རང་གི་མི་ཚེ་ལ་འགྱུར་ལྡོག་ཆེན་པོ་བཏང་ཡོད་སྐོར་གསུངས་འདུག

12064032_1039123846111484_77969307_nཟླ་འདིའི་ཚེས་༢༧ ཉིན་རྒྱ་གར་གྱི་སྲིད་བློན་མི་དྷི་ཨ་རིར་རྟེན་གཞི་བྱས་པའི་ངོ་དེབ་ཀྱི་དབུས་ལས་ཁུངས་ལ་སྐོར་བསྐྱོད་དུ་ཕེབས་ཡོད་པ་དང། དེ་གར་ཁོང་དང་ངོ་དེབ་ཀྱི་དབུ་འཛིན་མཉམ་དུ་གཏམ་བཤད་དང་དྲི་བ་དྲི་ལན་གནང་འདུག

མོ་དྷིའི་ངོ་དེབ་ལ་དགའ་རྟགས་ས་ཡ་༣༠ དང་ཊེའུ་ཊར་ལ་རྗེས་འཇུག་པ་ས་ཡ་༡༥.༢ ཡོད་འདུག་པ་དང། ཁོང་ནི་དུས་རྒྱུན་དུ་རང་ཉིད་ཀྱི་བསམ་བློ་དང་ལས་རིགས་དག་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་ལ་འགོད་མཁན་ཞིག་ཡིན་པ་དང། ཁོང་གིས་འཛམ་གླིང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོར་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་བེད་སྤྱད་དགོས་པ་མ་གཏོགས། དེ་ལས་གཡོལ་ཐབས་བྱེད་མི་ཐུབ་པ། དེ་བཞིན་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་བརྒྱུད་གཞུང་གི་ལས་དོན་བྱེད་ཕྱོགས་འགྲིག་དང་མི་འགྲིག་གསལ་པོ་ཤེས་རྟོགས་བྱེད་ཐུབ་པས། དེ་ནི་ནུས་ཤུགས་ཤིན་ཏུ་ཆེན་པོ་ཡིན་སྐོར་གསུངས་འདུག ངོ་དེབ་ཀྱི་དབུ་འཛིན་གྱིས་སྲིད་བློན་མོ་དྷི་ཡིས་འཛམ་གླིང་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོར། མི་མང་དང་མཉམ་དུ་འབྲེལ་མཐུད་བྱེད་སྟངས་ཐད་མིག་དཔེ་བཟང་པོ་སྟོན་གྱི་ཡོད་སྐོར་བསྔགས་བརྗོད་གནང་འདུག

རྒྱ་གར་གྱི་མི་མང་ཐེར་འབུམ་གཅིག་ཙམ་ལ་དྲ་རྒྱའི་མཐུད་ལམ་མེད་པ་དང། སྲིད་བློན་མོ་དྷི་ཡིས་རྒྱ་གར་གྱི་གྲོང་གསེབ་སོགས་ལ་དྲ་རྒྱའི་མཐུན་རྐྱེན་བསྐྲུན་རྒྱུའི་འདོད་པ་ཡོད་སྐོར་གསུངས་པ་དང། དེ་བཞིན་ཁོ་རང་གིས་ཨེ་པེལ་(Apple)དང་གྷུ་གྷེལ་(Google)སོགས་དྲ་རྒྱ་དང་འཕྲུལ་ལས་ཀྱི་ཚོང་ལས་སྡེ་ཚན་ཆེན་པོ་དག་གི་དབུ་ཁྲིད་མི་སྣ་རྣམས་དང་མཇལ་འཕྲད་བྱས་ཡོད་འདུག

ནེའུ་ཡོག་དུས་བབ་ཀྱིས་གནས་ཚུལ་བཀོད་གསལ་ལྟར་ན། རྒྱ་ནག་གི་དྲ་ལམ་ལ་བཀག་འགོག་དང་སྟངས་འཛིན་ཤུགས་ཆེན་བྱེད་ཀྱི་ཡོད་སྟབས། སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱའི་ཚོང་ལས་སྡེ་ཚན་མང་པོ་ཞིག་གིས། རྒྱ་གར་ལ་མི་མང་བ་དང་ཁྲོམས་ར་ཡང་ཆེན་པོ་ཡོད་པས། རྒྱ་གར་ལ་དམིགས་ནས་ཚོང་ལས་འབྲེལ་ལམ་བཟོ་ཐུབ་ན་ཁེ་བཟང་ཆེན་པོ་ཡོད་པས། ཚོང་ལས་འབྲེལ་བ་ཡག་པོ་ཡོང་ཐབས་ལ་འབད་ཀྱི་ཡོད་སྐོར་བཀོད་འདུག །

སྐལ་བཟང་དོན་གྲུབ།