རྒྱ་དཀར་ནག་གི་དམག་མིའི་གསོད་རེས་བྱུང་འདུག

རྒྱ་གར་དང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་གསར་དུ་ཐོན་བཞིན་པར་ལྟར་ན། ཁ་སང་སྟེ་ཟླ་༦ པའི་ཚེས་༡༥ ཉིན་གྱི་དགོང་མོ་རྒྱ་གར་དང་རྒྱ་ནག་གི་དམག་མིའི་བར། ལ་དྭགས་ཕྱོགས་ཀྱི་ས་མཚམས་སུ་དྲག་པོའི་གདོང་ཐུག་བྱུང་འདུག་པ་དང་། དེ་ལ་བརྟེན་ནས་རྒྱ་གར་གྱི་དམག་མི་གསུམ་བསད་དང་རྒྱ་ནག་གི་དམག་མི་ལྔ་བསད་ཡོད་འདུག 

ད་ལྟའི་ཆར་ཕྱོགས་གཉིས་ཀར་རྨས་སྐྱོན་བྱུང་ས་ཡང་ཡོད་སྐོར་འདུག་ཀྱང་། གདོང་ཐུག་བྱུང་དོན་དང་། རྒྱ་གར་གྱི་དམག་མིས་ད་ལྟའི་ཆར་རྒྱ་གར་དང་རྒྱ་ནག་གི་དམག་མིའི་མཐོ་རིམ་དཔོན་རིགས་ཁག ས་མཚམས་སུ་གནས་སྟངས་ཞི་འཇམ་གཏོང་ཆེད་དུ་འཛོམས་བཞིན་ཡོད་སྐོར་བསྒྲགས་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། གནས་ཚུལ་སྔོན་སོང་།