རྒྱ་ནག་གིས་བོད་ཐོག་བཏོན་པའི་རྒྱབ་ཤ་དཀར་པོར་ལན་འདེབས་ཀྱི་དེབ།

ཟླ་འདིའི་ཚེས་༡ ཉིན་གྱི་སྔ་དྲོ་དྷ་ས་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་རྒྱ་ནག་གིས་ཉེ་ཆར་བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་སྤེལ་བའི་དོན་ཚན་ཁ་ཤས་ཀྱི་ཐོག་ལན་འདེབས་དང་། རྒྱ་ནག་གི་བོད་དོན་ཐོག་བཏོན་པའི་རྒྱབ་ཤ་དཀར་པོའི་དེབ་ལ་ལན་འདེབས་ཀྱི་གསར་འགོད་ལྷན་ཚོགས་ཤིག་བསྐོང་སོང་།

11920591_1025611830796019_1749265467_nདེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་དབུས་ཕྱི་དྲིལ་གྱི་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་དང་བཀྲ་ཤིས་ཕུན་ཚོགས་རྣམ་གཉིས། བོད་ཀྱི་སྲིད་བྱུས་ཉམ་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་བཅས་ཕེབས་ཡོད་པ་དང་། རྒྱ་ནག་གིས་བོད་ཀྱི་སྐོར་ལ་བཏོན་པའི་རྒྱབ་ཤ་དཀར་པོའི་དེབ་ལ་ལན་འདེབས་<<ལོ་རྒྱུས་ཐོག་བོད་རྒྱ་ནག་གི་ཆ་ཤས་མིན། འོན་ཀྱང་དབུ་མའི་ལམ་ནི་བོད་རྒྱའི་གནད་དོན་སེར་བའི་ཐབས་ལམ་ཡག་ཤོས་དེ་རེད་>>ཅེས་པའི་དཔེ་དེབ་དབུ་འབྱེད་གནང་སོང་ལ། དེབ་དེ་ནི་བོད་ཀྱི་སྲིས་ཇུས་ཉམས་ཞིབ་ཁང་གིས་བཏོན་པ་ཞིག་ཡིན་འདུག
སྲིད་སྐྱོང་བློ་བཟང་སེང་གེས་གསུང་དོན། “བོད་དེ་སྔ་མོ་ནས་ལོ་རྒྱུས་ཐོག་རང་བཙན་གཙང་མ་ཡིན་པའི་ཁུངས་སྐྱེལ་ར་འཕྲོད་བྱས་ཡོད་པ་དང། ༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་གྱི་བདག་དབང་དེ་༧གོང་ས་མཆོག་རང་ཉིད་ལ་ཡོད་པ་ལས་རྒྱ་ནག་གཞུང་དང་སུ་གང་ལ་ཡང་འགན་དབང་དང་བདག་དབང་སྤུ་ཙམ་ཡང་མེད་པ་རེད་ཞུ་རྒྱུ་ཡིན་”ཞེས་དང་།

^EA3B099BC394DD456222E98078F24DB064B4B042F7AB73E7E3^pimgpsh_fullsize_distrསྲིད་སྐྱོང་གིས་རྒྱ་ནག་གཞུང་གིས་དབུ་མའི་ལམ་ལ་ངོས་ལེན་མེད་བརྗོད་པ་དེར་ལན་འདེབས་གནང་དོན། “དབུ་མའི་ལམ་ནི་ཕན་ཚུན་གཉིས་ཀར་ཕན་པའི་གཉིས་སྨན་གྱི་ཐབས་ལམ་ཞིག་ཡིན་པ་དང། གལ་ཏེ་རྒྱ་ནག་གིས་བོད་དོན་དེ་དབུ་མའི་ལམ་ཐོག་ཐག་གཅོད་བྱས་ཚེ། རྒྱལ་སྤྱིའི་སྟེང་རྒྱ་ནག་གི་འཇམ་པོའི་ནུས་སྟོབས་(soft power)འཕེལ་བ། རྒྱ་དཀར་ནག་གཉིས་ཀྱི་མཐུན་སྒྲིལ་ལ་ཕན་པ། དེ་བཞིན་རྒྱ་ནག་དང་གནད་དོན་ཡོད་པའི་ཧོང་ཀོང་དང་ཐེ་ཝན་། ཡུ་གུར་མི་རིགས་སོགས་ཀྱི་རྒྱ་གཞུང་ལ་ཡིད་ཆེས་བྱེད་པའི་གཞི་ཆགས་ཀྱི་ཡོད་པ་དང། རྒྱ་ནག་གི་ལྷིང་འཇགས་ལ་ཡང་ཕན་གྱི་རེད། ང་ཚོའི་ངོས་ནས་དབུ་མའི་ལམ་དེ་ཕྱོགས་གཉིས་ཀ་ལ་ཕན་པའི་སྲིད་བྱུས་ཤིག་ཡིན་པར་མུ་མཐུད་ནས་ངོས་འཛིན་བྱེད་ཀྱི་ཡོད། དེ་བཞིན་རྒྱལ་སྤྱིའི་ཐོག་ནས་ཨ་རིའི་ཕོ་བྲང་དཀར་པོས་དེའི་ཐོག་ལ་གསར་འགོད་གསལ་བསྒྲགས་ཐེངས་གཉིས་སྤེལ་ཡོད་པ་དང། ཉེ་ཆར་ཡུ་རོབ་སྤྱི་མཐུན་ཚོགས་པའི་ཚོགས་གཙོས་རྒྱ་ནག་གི་སྲིད་བློན་ལ་བོད་རྒྱ་ཞི་མོལ་ཡོང་དགོས་ཀྱི་རེད་ཅེས་གསུངས་ཡོད་པས། རྒྱལ་སྤྱིའི་ཐོག་ནས་ང་ཚོའི་སྲིད་ཇུས་ལ་རྒྱབ་སྐྱོར་ཡོད་པ་རེད་ཞུ་རྒྱུ་ཡིན་”ཞེས་གསུངས་སོང་།

ཁོང་གིས་མུ་མཐུད་གསུང་དོན། “དོན་ཚན་བཞི་པར་རྒྱ་ནག་གིས་བོད་ལ་འཛུགས་སྐྲུན་དང་དཔལ་འབྱོར་ཡར་རྒྱས་ཤུགས་ཆེན་པོ་བྱེད་ཀྱིན་ཡོད་པས། བོད་མི་ལ་བདེ་སྐྱིད་ཆེན་པོ་སྤྲོད་ཀྱི་ཡོད་ཚུལ་བཤད་ཀྱི་ཡོད། ཁོ་ཚོས་བཤད་ཚུལ་ལ་བདེ་སྐྱིད་སྤྲད། བདེ་འཇགས་ལེན་ཞེས་པ་ཞིག་ཡོད་པས། དེའི་བོད་མི་ལ་བདེ་སྐྱིད་སྤྲོད་ཀྱི་ཡོད་པར་ཁྱབ་བསྒྲགས་བྱེད་ཀྱི་ཡོད་ཀྱང། དོན་ངོ་མར་བདེ་འཇགས་དེ་གལ་ཆེན་བརྩིས་པའི་སྲིད་བྱུས་ཡིན་པ་གསལ་པོ་ཞེ་དྲག་རེད། ང་ཚོས་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་དང། སྲིད་ཇུས་ཉམས་ཞིབ་ཁང་གི་སྤེལ་བའི་རྩོམ་ཡིག་ཁག་ནང་དེའི་སྐོར་གསལ་པོ་བཀོད་ཡོད། དཔེར་ན་ལྷ་ས་དེ་གྲོང་ཁྱེར་གྱི་གནས་བབ་རིམ་པ་བཟོས་ཡོད་པ་དང། ཁོང་ཚོས་སྲིད་བྱུས་ལ་ཆབ་མདོ་དང་ཉིང་ཁྲི། དེ་བཞིན་གཞིས་ཀ་རྩེ་གསུམ་གྲོང་ཁྱེར་གྱི་རིམ་པ་བཟོ་རྒྱུ་ཡིན་པ་གསལ་ཡོད། ཕྱི་ལོག་ནས་བལྟས་ན་གྲོང་ཁྱེར་གྱི་རིམ་པས་ས་ཁུལ་དེ་དག་ལ་ཡར་རྒྱས་དང་བོད་མི་ལ་བདེ་སྐྱིད་སྤྲད་ཀྱི་ཡོད་པ་བཤད་ཀྱི་ཡོད་ཀྱང། དོན་དངོས་ཐོག་གྲོང་ཁྱེར་གྱི་རིམ་པས་ཕྱི་ལོག་ནས་རྒྱ་མིའི་ཚོང་པ་དང་མི་མང་སོགས་ཡོང་བར་ལས་སླ་རུ་ཆགས་ཀྱི་ཡོད་པ་དང། ཚོང་གི་བདག་པོ་བརྒྱ་ཆ་༧༠ ནས་༨༠ རྒྱ་རིགས་ཁོ་ན་ཆགས་ཡོད་པས། ཁོང་ཚོར་དཔལ་འབྱོར་དང་ཆབ་སྲིད། དེ་བཞིན་དྲགས་པོའི་དབང་ཤུགས་གསུམ་པོ་ཡོད་པས། རྒྱ་ནག་གཞུང་དང་རྒྱ་མི་ལ་བདེ་སྐྱིད་ཐོབ་ཀྱི་ཡོད་པ་ལས། བོད་མི་རྣམས་ལ་བདེ་སྐྱིད་རག་ཀྱི་མེད་པ་རེད་ཞེས་ལན་འདེབས་བྱེད་རྒྱུ་ཡིན།”ཞེས་གསུངས་སོང།
དེ་བཞིན་གསར་འགོད་པ་ཞིག་གིས་བོད་རྒྱ་ཞི་མོལ་གྱི་གནས་བབ་དང་མ་འོངས་པའི་གནས་སྟངས་སྐོར་དྲིས་པས། ཁོང་གིས་ལན་དུ་རྒྱ་ནག་གཞུང་གིས་དབུ་མའི་ལམ་ལ་ངོས་ལེན་མེད་ཞེས་བཤད་ཀྱི་ཡོད་པ་དེ་ནི། ཆབ་སྲིད་ཀྱི་བྱེད་སྟངས་ཞིག་ཡིན་པ་དང། བཀའ་ཤག་སྐབས་འདིས་བོད་རྒྱ་ཞི་མོལ་ཐོག་སྔ་མ་ལས་ཤུགས་སྣོན་ཆེ་བ་མིན་ན་ཆུང་བ་རྒྱག་གི་མེད་ཞེས་གསུངས་སོང། གསར་འགོད་པ་སྐལ་བཟང་དོན་གྲུབ།
གསར་འགོད་པ་སྐལ་བཟང་དོན་གྲུབ།