རྒྱ་ནག་གིས་ས་ཁྲ་གསར་པ་ཞིག་བཏོན་པར་བརྟེན་ཁྱིམ་མཚེས་རྒྱལ་ཁབ་རྣམས་ཀྱིས་སྐྱོན་བརྗོད་བྱས་འདུག

ཉེ་ཆར་རྒྱ་ནག་གིས་ཚད་ལྡན་གྱི་ས་ཁྲ་ཞེས་པ་ཞིག་བཏོན་ཡོད་པར་བརྟེན། རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་གི་ས་ཁྲ་དེའི་ནང་ཚུད་ཡོད་པའི་རྐྱེན་གྱིས་ཁྱིམ་མཚེས་རྒྱལ་ཁབ་དག་གིས་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག 

ཕྱི་ཚེས་༡ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལ། རྒྱ་ནག་གིས་ཚད་ལྡན་གྱི་ས་ཁྲ་ཞེས་པ་ཞིག་བཏོན་པར་བརྟེན། ས་ཁྲ་དེའི་ནང་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་མང་པོ་ཞིག་གི་ས་ཆ་ཡང་དེའི་ནང་ཚུད་ཡོད་པའི་རྐྱེན་གྱིས་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་གཙོས་པའི་ཝེ་ཏེ་ནམ་དང། ཧྥི་ལི་ཕིན། ཐེ་ཝན་བཅས་ཀྱིས་སྐྱོན་བརྗོད་བྱས་ཡོད་འདུག རྒྱ་གར་གྱིས་སྐྱོན་བརྗོད་བྱེད་དགོས་དོན་ནི་རྒྱ་ནག་གི་ཚད་ལྡན་གྱི་ས་ཁྲ་ཟེར་བའི་ནང་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེ་དང་། ཨ་སི་ཁེ་ཆིན་ཟེར་བའི་ས་ཆ་གཉིས་རྒྱ་ནག་གི་ཁོངས་གཏོགས་ཡིན་ཁུལ་བརྗོད་ནས་ས་ཁྲ་དེའི་ནང་བཅུག་ཡོད་པའི་རྐྱེན་གྱིས་ཡིན་པ་དང་། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་(S jaishankar)བརྗོད་དོན་ལ་པེ་ཅིན་གཞུང་ལ་ཕྱི་ལོ་༡༩༥༠ ཙམ་ནས་གཞན་གྱི་ས་ཆ་རྒྱ་ནག་གི་ཁོངས་གཏོགས་གཅུག་རྒྱུའི་གོམས་གཤིས་ངན་པ་ཞིག་ཡོད་རེད་ཅེས་བརྗོད་ཡོད་འདུག དེ་བཞིན་བལ་ཡུལ་གཞུང་གིས་རྒྱ་ནག་གི་ཚད་ལྡན་གྱི་ས་ཁྲ་ཟེར་བ་དེ་ལ་སྐྱོན་བརྗོད་བྱེད་དོན་ལ། དེ་སྔོན་རྒྱ་གར་མཉམ་དུ་ས་ཁྲ་དང་འབྲེལ་བའི་རྩོད་རྙོག་བྱུང་ཡོད་པར་བརྟེན། ཐེངས་འདིར་རྒྱ་ནག་གིས་བལ་ཡུལ་གྱི་ས་ཆ་ཡང་ས་ཁྲ་དེའི་ཁོངས་གཏོགས་བཅུག་ཡོད་པའི་རྐྱེན་གྱིས། བལ་ཡུལ་གྱི་ཆབ་སྲིད་པ་ཞིག་རྒྱ་ནག་ལ་ལྟ་སྐོར་དུ་འགྲོ་འཆར་ཡོད་ཀྱང་ཕྱིར་འཐེན་བྱས་ནས་འཆར་གཞི་མེད་པ་བཟོས་ཡོད་འདུག དེ་ནས་རྒྱ་ནག་གི་ས་ཁྲ་ལ་སྐྱོན་བརྗོད་བྱེད་མཁན་རྒྱ་གར་དང་བལ་ཡུལ་གཉིས་གཅིག་པུ་མ་ཡིན་པར། ཧྥི་ལི་ཕིན་དང་། མ་ལི་ཤི་ཡ། ཐེ་ཝན་བཅས་ཀྱིས་ཀྱང་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག རྒྱུ་མཚན་ནི་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་གྱི་ས་ཆ་མང་པོ་ཞིག་རྒྱ་ནག་གི་མངའ་ཁུལ་ཡིན་མདོག་བྱས་ནས་ས་ཁྲ་དེའི་ནང་བཅུག་ཡོད་པའི་རྐྱེན་གྱིས་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག ཐེ་ཝན་སྐྱོན་བརྗོད་བྱས་དོན་ལ་རྒྱ་ནག་གཞུང་གིས་བརྗོད་དོན་ལ་ཐེ་ཝན་ནི་རྒྱ་ནག་གི་ཞིང་ཆེན་ཞིག་རྒྱ་ནག་ལས་ཁ་བྲལ་དུ་ཕྱིན་ཡོད་ཀྱང་། ད་ཆར་ཕྱིར་ལོག་བྱེད་རྒྱུ་རེད་ཅེས་བརྗོད་ནས་ས་ཁྲའི་ནང་བཅུག་པ་དེ་ལ་སྐྱོན་བརྗོད་བྱས་ཡོད་འདུག 

རྒྱ་ནག་གིས་རྒྱ་གར་གྱི་སྐྱོན་བརྗོད་ལ་ལན་འདེབས་སུ་བརྗོད་དོན་ལ་རྒྱ་གར་གྱི་ངོས་ནས་འགྲེལ་བཤད་འདྲ་མིན་མ་བརྒྱབས་ནས་ཁ་ཁ་སྡོད་ལ་དགའ་ཡི་རེད་ཅེས་བརྗོད་ཡོད་འདུག ཡོང་ལ་ཉེ་བའི་སྟོབས་ཆེན་རྒྱལ་ཁབ་༢༠ ཡི་ཚོགས་ཆེན་འཚོགས་ལ་ཉེ་བར་བརྟེན། རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཀྱི་རྩོད་རྙོག་གིས་རྐྱེན་པའི་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་རྒྱ་གར་ལ་ཚོགས་ཆེན་དེའི་ཆེད་དུ་ཡོང་གི་མ་རེད་ཅེས་རྒྱ་ནག་གཞུང་གིས་གང་ཡང་བརྗོད་མེད་ཀྱང་། གསར་འགྱུར་བརྒྱུད་ལམ་ཁག་ནང་བཤད་བཞིན་འདུག ཞིས་ཅིན་ཕིང་གྱི་ཚབ་དུ་སྲིད་བློན་ (Li Quiang )ཡོང་གི་རེད་ཅེས་ཀྱི་བརྗོད་བཞིན་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།