རྒྱ་ནག་ནང་གི་མི་ཕྱུག་ཤོས་ལ་རྒྱུ་ནོར་རྒྱ་གར་གྱི་ཕྱུག་བདག་ཨང་དང་པོ་དང་གཉིས་པའི་ཕྱེད་ཀ་ལས་ཉུང་བ་ཡོད་འདུག

ཟླ་འདིའི་ཚེས་༢༩ ་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་འཕྲུལ་རིག་ཁེ་གཉེར་(ByteDance)  ་ཞེས་པ་གསར་འཛུགས་བྱེད་མཁན་དང་དེའི་འགན་འཛིན་ཟུར་པ་ནི་རྒྱ་ནག་ནང་གི་མི་ཕྱུག་ཤོས་སུ་གྱུར་ཡོད་ན་ཡང་། ཁོའི་རྒྱུ་ནོར་ནི་རྒྱ་གར་གྱི་ཕྱུག་བདག་ཨང་དང་པོ་དང་གཉིས་པའི་ཕྱེད་ཀ་ལས་ཉུང་བ་ཡོད་འདུག

པར། Hindustan Times

རྒྱ་ནག་གི་འཕྲུལ་རིག་ཁེ་གཉེར་ཁང་ByteDance་ཞེས་པ་གསར་འཛུགསབྱེད་མཁན་དང་། བརྙན་བཟོའི་མ་ལག་ཀྲི་ཀྲོ་(Tiktok) ་བཟོ་མཁན་(Zhang Yiming) ་ནི་རྒྱ་ནག་གི་ཕྱུག་བདག་ཨང་དང་པོ་དེ་གྱུར་ཡོད་འདུག

 མི་དེ་ནི་ཕྱི་ལོ་༡༩༨༣ ལོར་རྒྱ་ནག་གི་གྲོང་ཁྱེར་Fujian ་ལ་སྐྱེས་ཤིང་།ཕྱི་ལོ་༢༠༠༥ ལོ་Nankai གཙུག་ལག་སློབ་གཉེར་ཁང་ནས་མཉེན་ཆས་འཆར་འགོད་དང་འབྲེལ་བའི་ཞིབ་འཇུག་སློབ་མཐར་ཕྱིན་ཡོད་འདུག ཕྱི་ལོ་༢༠༡༢ ལོར་ByteDance ཞེས་པའི་འཕྲུལ་རིག་ཁེ་གཉེར་ཁང་གསར་འཛུགས་བྱས་ནས་ཚོགས་པའི་འགན་འཛིན་གྱི་འགན་འཁུར། རྒྱ་ནག་གི་དྲྭ་རྒྱའི་ཚོང་ལས་ཐོག་དམ་བསྒྲགས་ཤུགས་ཆེར་བྱས་པར་བརྟེན། ཕྱི་ལོ་༢༠༢༡ ལོར་ཁོ་རང་གིས་ByteDance ་ཁེ་གཉེར་ཁང་གི་འགན་འཛིན་ནས་དགོངས་པ་ཞུས་འདུག

ཕྱི་ལོ་༢༠༡༥ ལོ་བརྙན་བཟོ་མ་ལག་ཀྲི་ཀྲོ་ཞེས་པའི་མཉེན་ཆས་དེ་བཟོས་ནས་ཁྲོམ་རར་བཏོན། སྐབས་དེར་ཁྲོམ་རྭ་དེ་ཙམ་མ་བྲིན་ཡང་། ད་ལྟའི་ཆར་ཨ་རིའི་གཅིག་པུའི་ནང་ཀྲི་ཀྲོ་བེད་སྤྱོད་གཏོང་མཁན་མི་གྲངས་ས་ཡ་༡༧༠ ཟིན་ཡོད་པ་མ་ཟད། ལོ་འདིའི་ཕྱི་ཟླ་༢ པའི་ནང་རྒྱ་ནག་གཅིག་པུའི་ནང་ཀྲི་ཀྲོ་བེད་སྤྱོད་གཏོང་མཁན་མི་གྲངས་ས་ཡ་༧༥༥ ཟིན་པ་སོགས་འཛམ་གླིང་ཁྱོན་ཡོངས་ལ་གཞོན་སྐྱེས་ཚོས་དགའ་མོས་ཆེ་ཤོས་བྱེད་སའི་གྲས་ཀྱི་མཉེན་ཆས་ཤིག་ཆགས་ཡོད་འདུག ཡིན་ན་ཡང་། ཉེ་བའི་ལོ་ཤས་ནས་ཨ་རིས་ཀྲི་ཀྲོ་བདག་པོ་དང་རྒྱ་ནག་གཞུང་གི་བར་ཐད་ཀར་འབྲེལ་བ་ཡོད་པ། ཀྲི་ཀྲོ་ཡིས་ཨ་རི་བའི་མི་སྒེར་གྱི་གསང་བ་རྐུ་འཁྱེར་བྱེད་བཞིན་པའི་ཉེས་འཛུགས་བྱས་ནས་ལོ་རྗེས་མའི་ཕྱི་ཟླ་༡ སྔོན། ཀྲི་ཀྲོ་འཚོང་བ་དང ཡང་ན། ཨ་རིའི་གཞུང་གིས་གཏན་འགོག་བྱེད་རྒྱུའི་གདམ་ཀ་སྤྲད་ཡོད་འདུག

ཁོ་ནི་རྒྱ་ནག་ནང་གི་ཕྱུག་བདག་ཨང་དང་པོ་དེ་གྱུར་ཡོད་ན་ཡང་། ཁོའི་རྒྱུ་ནོར་ནི་རྒྱ་གར་གྱི་ཕྱུག་བདག་ཨང་དང་པོ་དང་གཉིས་པའི་ཕྱེད་ཀ་ཙམ་ཡང་ཟིན་མེད་པ་རེད་འདུག རྒྱ་གར་གི་ཕྱུག་བདག་ཨང་དང་པོ་མུ་ཀེ་ཤི་ཨམ་བྷ་ནི་(Mukesh Ambani) ་ལ་ཁར་དབང་(net assets)་ཨ་སྒོར་ཐེར་འབུམ་༡༡༩.༥ དང་ཨང་གཉིས་པ་གོའུ་ཏམ་ཨ་དྷ་ནི་(Gautam Adani) ་ལ་ཨ་སྒོར་ཐེར་འབུམ་༡༡༦ ་ཡོད་འདུག སྤྱིར་རྒྱ་ནག་གི་ཕྱུག་བདག་རྣམས་ཀྱི་རྒྱུ་ནོར་གནས་སྟངས་ལ་འགྱུར་བ་མང་པོ་འགྲོ་བཞིན་ཡོད་པར་བརྗོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།