རྒྱལ་དབང་ཀརྨ་པར་བརྟན་བཞུགས།
ཟླ་འདིའི་ཚེས་༩ ཉིན་ལྷ་ཐོག་རྒྱལ་ཡོངས་ནས་རྒྱ་རག་ཧི་མ་ཅལ་ནང་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་ཁམས་པ་སྒར་དུ་༧རྒྱལ་དབང་ཀརྨ་པར་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།
དེ་ཡང་བརྟན་བཞུགས་སྐབས། ༧དཔལ་རྒྱལ་བ་མདོ་ཁམས་པ་༧འབྲུག་ཁམས་སྤྲུལ་རིན་པོ་ཆེ་མཆོག་རྡོ་རྗེ་སློབ་དཔོན་དུ་དབུ་བཞུགས་ཐོག ཁམས་སྒར་ཚེས་བཅུ་སྒྲུབ་ཆེན་སྐབས་ལྷ་ཐོག་བྱེས་པ་ཡོངས་འདུ་འཛོམས་ཀྱིས་༧རྒྱལ་དབང་ཀརྨ་པའི་སྐུ་གེགས་བར་ཆད་ཐམས་ཅད་རྨེག་མེད་དུ་ཞི་ནས་སྐུ་ཚེ་བརྟན་ཆེད་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།
༧དཔལ་རྒྱལ་དབང་ཀརྨ་པའི་སྐུ་ཕྲེང་བཅུ་བདུན་པ་༧ཨོ་རྒྱན་འཕྲིན་ལས་དབང་གི་རྡོ་རྗེ་ནི་མདོ་ཁམས་སྒང་དྲུག་གི་ཡ་གྱལ། སྨར་ཁམས་ཀེ་རེ་ཁ་སྒང་གི་ཆར་གཏོགས། ཁམས་ལྷ་ཐོག་ཡུལ་དུ་སྐུ་འཁྲུངས། །
གསར་འགོད་པ་ཆོས་ཉིད་འོད་ཟེར།