རྒྱལ་དབང་ཀརྨ་པ་སུད་སིར་ཞབས་སོར་འཁོད་པ།

སུད་སིར་གནས་བཞུགས་ནམ་མཁའ་རིན་པོ་ཆེའི་ཆོས་ཚོགས་ཁག་གི་ལྟེ་བ་རིག་འཛིན་ཐེག་མཆོག་གླིང་ནས་ཇི་ལྟར་གསོལ་བ་བཏབ་བཞིན། རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་མཆོག་ཕྱི་ཟླ་༥ ཚེས་༡༨ ཉིན་སུད་སིར་ཞབས་སོར་འཁོད་ཡོད་པ་རེད།

2016-05-09-Osakaདེ་ཡང་གོང་ཚེས་ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝ་གནམ་ཐང་དུ་ཞབས་སོར་འཁོད་པ་དང། ནམ་མཁའ་རིན་པོ་ཆེ་དང། སྐུ་ཚབ་དོོན་གཅོད་དངོས་གྲུབ་རྡོ་རྗེ། སུད་སི་བོད་རིགས་མི་མང་གི་ཚོགས་གཙོ་བསྟན་འཛིན་སྙིང་པོ། ཚོགས་གཞོན་པདྨ་ལྷ་སྙིང། རིག་འཛིན་ཐེག་མཆོག་གླིང་གི་ཚོགས་གཙོ་སངས་རྒྱས་སོགས་གནད་ཡོད་མི་སྣ་རྣམས་ཀྱིས་གཙོས་ས་གནས་ཀྱི་ཕྱི་ནང་གི་མི་སྣ་གང་མང་འཛོམས་ནས་སྤྱན་རྒྱ་སྤོས་སྣེ་དང་བཅས་གསོལ་མགྲོན་ཁང་དུ་གདན་འདྲེན་ཞུས་ཡོད་པ་རེད།

karmaba1_2016_5_18རེས་ཕུར་བུའི་ཉིན་སྐུ་ངལ་གསོས་ནས་རེས་གཟའ་པ་སངས་ཕྱི་ཚེས་༢༠ ཉིན། སུད་སིའི་གྲོང་ཁྱེར་ལོ་ཟན་ནིར་རྟེན་གཞི་བྱས་པའི་སྔ་འགྱུར་རིག་འཛིན་འདུས་སྡེའི་ཆོས་ཚོགས་ཁག་གི་ལྟེ་བ་རིག་འཛིན་ཐེག་མཆོག་གླིང་དུ་ཞབས་སོར་འཁོད་རྒྱུ་དང། མི་མང་ལ་བཀའ་སློབ་བཀའ་དྲིན་སྩོལ་གནང་མཛད་རྒྱུ་ཡིན་འདུག རེས་གཟའ་སྤེན་པ་དང་ཉི་མ་གཉིས་ལ་སུད་སིའི་གྲོང་ཁྱེར་ཇི་ནི་ཝར་དད་ལྡན་མང་ཚོགས་ལ་གསུང་ཆོས་གནང་རྒྱུ་ཡིན་འདུག་པ་སོགས་ཕྱི་ཟླ་༥ ཚེས་༣༠ བར་དུ་སུད་སི་རྒྱལ་ཁབ་ཀྱི་ཁོངས་སུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་སྐྱོང་ཡིན་པ་འདུག་ལ། རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་སུད་སིར་ཆིབས་བསྒྱུར་བསྐྱངས་པ་ཐེངས་དང་པོ་དེ་ཡིན་འདུག།།