རྡུལ་ཕྲན་གོ་མཚོན་གྲ་སྒྲིག་དགོས་པའི་བཀའ།

བྱང་ཀོ་རི་ཡའི་འགོ་ཁྲིད་ཁེམ་རྗོན་ཨན་གྱིས་རྡུལ་ཕྲན་མཚོན་ཆ་དུས་ཚོད་ངེས་མེད་པ་ལ་བེད་སྤྱོད་གཏོང་ཐུབ་པའི་གནས་སྟངས་འོག་བཞག་དགོས་པའི་བཀའ་བཏང་འདུག

572F024B-B6BD-41F6-ADC6-FE01BC088AD6_w640_r1_sཕྱི་ཟླ་༣ ཚེས་༤ རེས་གཟའ་པ་སངས་ཉིན་བྱང་ཀོ་རི་ཡའི་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཁེམ་རྗོན་ཨན་གྱིས་བྱང་ཀོ་རི་ཡའི་དམག་དཔོན་རྣམས་ལ་འགུལ་སྐྱོད་གྲ་སྒྲིག་ཨང་གསར་གྱིས། དུས་ཚོད་ངེས་མེད་ལ་ལག་སྔ་བའི་གཏོར་རྒོལ་སྤེལ་ཐུབ་པ་བྱ་དགོས་ཞེས་དང་། ད་དུང་ཁོང་གིས་མིག་སྔར་གྱི་གནས་སྟངས་ཤིན་ཏུ་ཉེན་ཁ་ཆེན་པོ་ཡིན་སྐོར་བརྗོད་ཡོད་པ་རེད།

བྱང་ཀོ་རི་ཡའི་གཞུང་འབྲེལ་བརྒྱུད་ལམ་དུ་གོང་གི་གནས་ཚུལ་དེ་མ་ཐོན་པའི་སྔོན། མཉམ་འབྲེལ་རྒྱལ་ཚོགས་རྒྱུན་ལས་ལྷན་ཚོགས་ནས་རེས་གཟའ་ལྷག་པའི་ཉིན་མང་མོས་ཐོག་བྱང་ཀོ་རི་ཡའི་རྡུལ་ཕྲན་ཚོད་ལྟ་ཐེངས་བཞི་པ་བྱས་པ་དང་། དེ་བཞིན་མེ་ཤུགས་འཕུར་མདའ་བརྒྱུད་དེ་མི་བཟོས་སྲུང་སྐར་གཏོང་བའི་བྱེད་ཐབས་ལ་བརྟེན་ནས་ཉེས་ཆད་ཤུགས་ཆེ་རུ་གཏོང་བའི་གྲོས་ཆོད་བཞག་ཡོད།

མཉམ་འབྲེལ་རྒྱལ་ཚོགས་རྒྱུན་ལས་ལྷན་ཚོགས་ནས་གྲོས་ཆོད་བཞག་པའི་ཉིན་མོར་དེར། བྱང་ཀོ་རི་ཡ་ཡིས་བྱང་ཀོ་རི་ཡའི་ཤར་ཕྱོགས་རྒྱ་མཚོའི་ཁུལ་ནས་མེ་ཤུགས་འཕུར་དང་འདྲ་བ་ཁ་ཤས་འཕངས་ཏེ། རྒྱང་མདེལ་དེ་དག་ཚང་མ་ཉི་ཧོང་གི་རྒྱ་མཚོའི་མངའ་ཁོངས་སུ་ཟགས་ཡོད་པ་རེད།།

ཏྲེ་ཧོར་ཐུབ་བསྟན་གྱིས་སྒྱུར་སྒྲིག་བྱས།