རྡོར་གདན་གྱི་དུས་དབང་ཐེངས་༣༤ པ་ཡོངས་སུ་མཇུག་བསྒྲིལ་སོང་།

“གནས་མཆོག་རྡོ་རྗེ་གདན་དེ་ཚང་མའི་ཡིན་པས། མ་འོངས་པར་དུས་འཁོར་དབང་ཆེན་གྱིས་མཚོན་ཆོས་ཀྱི་འཁོར་ལོ་སྐོར་བར་ཡང་ཡང་ཕེབས་རོགས་”ཞེས་བྷེ་ཧར་མངའ་སྡེའི་བློན་ཆེན་གྱིས་དུས་དབང་མཇུག་བསྡོམས་མཛད་སྒོའི་ཐོག་གསུངས་ཡོད་པ་རེད།

16117835_1210713365673781_374060677_nཟླ་འདིའི་ཚེས་༡༤ ཉིན་དུས་དབང་ཐེངས་༣༤ པ་མཇུག་བསྡོམས་ཀྱི་མཛད་སྒོར་༧གོང་ས་མཆོག་དབུ་བཞུགས་ཐོག སྲིད་སྐྱོང་བློ་བཟང་སེང་གེ་དང་། རྒྱ་གར་བྷེ་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ནཱེ་དྷི་ཤི་ཀུ་མཱར།(Nitish Kumar)  ཨ་རིའི་གློག་བརྙན་འཁྲབ་སྟོན་པ་རི་ཆར་གྷི་རིས་བཅས་ཀྱིས་གསུང་བཤད་གནང་ཡོད་པ་རེད།

སྲིད་སྐྱོང་བློ་བཟང་སེང་གེས་༧གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་དུས་དབང་གནང་བ་རྩ་ཆེན་པོ་ཡིན་སྐོར་དང་འབྲེལ་ནས་གསུང་དོན། “ང་རང་ཚོས་གཙོ་ཆེ་ཤོས་བླ་མ་དང་སློབ་མའི་བར་གྱི་དམ་ཚིག་གཙང་མ་དགོས་པ་དང་། ཚང་མས་ཐུགས་སྨོན་གནང་ནས་སྤྱི་པའི་བསོད་ནམས་གསོག་དགོས་རེད། སྤྱི་པའི་བསོད་ནམས་བསག་ན་༧གོང་ས་མཆོག་སྐུ་ཁམས་བདེ་ཐང་ཡོང་གི་རེད། ༧གོང་ས་མཆོག་གིས་བཀའ་གནང་བ་དེ་ཡིད་ལ་བཅངས་ནས་ཚང་མས་ཐུགས་སྨོན་གནང་རོགས། གཙོ་ཆེ་ཤོས་༧གོང་ས་མཆོག་གི་བཀའ་དྲིན་དང་། དེ་བཞིན་བླ་ཆེན་རྣམ་པའི་བྱིན་རླབས་ལ་བརྟེན་ནས། དུས་དབང་ཐེངས་སུམ་བཅུ་སོ་བཞི་པ་ལེགས་གྲུབ་དང་། ཚགས་ཚུད་པོ་བྱུང་སོང་”ཞེས་དང་། ༧གོང་ས་མཆོག་གི་བཀའ་སློབ་གནང་བ་བཞིན་བོད་ཕྱི་ནང་གཉིས་ནས་ཤེས་ཡོན་ཐོག་འབད་བརྩོན་དགོས་སྐོར་དང་། རྒྱ་གར་གཞུང་མང་དང་དུས་དབང་སྐབས་ལས་དོན་བྱེད་མཁན་ཚང་མར་ཐུགས་རྗེ་ཆེ་ཞེས་གསུང་བཤད་གནང་ཡོད་པ་རེད།

བྷེ་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱིས་བཀའ་སློབ་གནང་སྐབས། “དུས་དབང་ཞུ་སར་ཡོང་མཁན་ཚོས་རིགས་རུས་དང་ཆོས་ལུགས་འདྲ་མིན་ཡོད་པར་དབྱེ་བ་མེད་པའི་ཐོག་ནས་ཆོས་ཞུ་བར་ཡོང་བ་རེད། ནང་པའི་ཆོས་ནང་བྱམས་བརྩེའི་བསླབ་བྱ་དེ་མི་སོ་སོའི་དབུལ་ཕྱུག་དང་། སྤྱི་ཚོགས་ཀྱི་ཁྱད་པར་མེད་པར་ཉམས་ལེན་བྱ་རྒྱུ་དང་བསླབ་བྱ་བཟང་པོ་སྟོན་གྱི་ཡོད་པ་དེ་དམིགས་བསལ་ནང་པའི་ཐུན་མོང་མ་ཡིན་པ་ཆགས་ཡོད་པ་རེ15995685_1210713499007101_1985542735_nད་”ཅེས་དང་། བྷེ་ཧར་མངའ་སྡེའི་ནང་སངས་རྒྱས་ཆོས་ལུགས་ཀྱི་གནས་ཁྱད་པར་ཅན་མང་པོ་ཡོད་པ་དང་། ད་དུང་རིམ་པའི་ཡར་རྒྱས་མང་པོ་གཏོང་འཆར་ཡོད་སྐོར། ༧གོང་ས་མཆོག་གིས་རྡོ་རྗེ་གདན་དུ་དུས་དབང་ཐེངས་ལྔ་གནང་བའི་མཛད་འཕྲིན་བསྐྱངས་སྐོར། མ་འོངས་པར་ཆོས་ཀྱི་བྱེད་སྒོ་ག་རེ་སྤེལ་ཡང་དགའ་བསུ་ཡོད་སྐོར་དང་། “གནས་མཆོག་རྡོ་རྗེ་གདན་ཚང་མའི་ཡིན་པས། ཚང་མའི་ཡིན་པའི་འདུ་ཤེས་ཐོག་ནས་འདིར་ཕེབས་རོགས། མ་འོངས་པར་དུས་འཁོར་དབང་ཆེན་གྱིས་མཚོན་ཆོས་ཀྱི་འཁོར་ལོ་སྐོར་བར་ཡང་ཡང་ཕེབས་རོགས། རྣམ་པ་ཚོ་ཚང་མར་ཆེ་བསྟོད་ཡོད་”ཅེས་དང་༧གོང་ས་མཆོག་སྐུ་ཚེ་བརྟན་པའི་སྨོན་ལམ་ཡོད་ཅེས་སོགས་གསུངས་སོང་།

མཇུག་ཏུ་༧གོང་ས་མཆོག་གིས་བཀའ་སློབ་གནང་སྐབས། 15995525_1210713515673766_892600285_n“བཅོམ་ལྡན་འདས་འཁྲུངས་ནས་ལོ་ཉིས་སྟོང་དྲུག་བརྒྱ་ལྷག་འགྲོ་ཡི་ཡོད་པ་དང་། བྱམས་པ་དང་སྙིང་རྗེ། འཚེ་བ་མེད་པ་སངས་རྒྱས་ཀྱི་ཆོས་ཀྱི་སྙིང་པོ་རེད། དེང་སྐབས་འཛམ་གླིང་ནང་དེ་དག་འབྲེལ་བ་ཡོད་པ་དང་དགོས་མཁོ་ཡོད་པ་ཞིག་ཆགས་འདུག སངས་རྒྱས་པའི་ཆོས་ན་ལེནྜའི་ཆོས་བརྒྱུད་དེ་རིག་པས་བསྒྲུབ་རྒྱུ་དེ་གལ་ཆེན་པར་བརྩི་ཡི་ཡོད་པ་རེད་”ཅེས་དང་། ཧི་མ་ལ་ཡའི་རི་རྒྱུད་དང་བལ་ཡུལ་ནས་ཡོང་མཁན་ཚོས་ནང་ཆོས་ལ་སློབ་གཉེར་དགོས་པ་གལ་ཆེ་སྐོར་གྱི་བཀའ་སློབ་ལམ་སྟོན་གནང་བ་དང་། དུས་དབང་འདི་གོ་སྒྲིག་ཚགས་ཚུད་བྱུང་ཡོད་པས་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞེས་བཀའ་སློབ་གནང་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས་རྡོར་གདན་ནས།