ལག་དམར་ལ་དཔའ་དར་ཡིན་ནམ། བོད་པ་ཚོ།

དབང་ལྡན་སྐྱབས།

ཁ་སང་དེ་རིང་། རྒྱ་ནག་ཏུ་གྱེན་ལངས་ངོ་རྒོལ་གྱི་གཡོ་འགུལ་ཞིག་གང་ས་གང་དུ་འབྱུང་བཞིན་འདུག་ལ། གྱེན་ལངས་ངོ་རྒོལ་བའི་ཁྲོད་དུ་མི་སེར་དཀྱུས་མ་དང་སློབ་མ། ལས་བྱེད་ཀྱང་ཚུད་ཡོད། གྱེན་ལངས་ངོ་རྒོལ་གྱི་འབོད་སྒྲ་ནི་རྒྱ་ནད་ཏོགས་དབྱིབས་སྲིད་ཇུས་ལ་རྒོལ་གཏམ། ཞི་ཅིན་ཕིན་དཔོན་ས་ནས་འབབ་དགོས་པ། རྒྱ་དམར་གཞུང་འགོ་རྟིང་སློག་རྒྱུ་སོགས་དང་། ངོ་རྒོལ་གྱི་རྣམ་པ་ནི་མི་མང་འདུ་འཛོམས་ཀྱི་འབོད་སྒྲ་སྒྲོག་པ། འཕྲེད་དར་དང་ཤོག་བུའི་སྟེང་སྙོམས་རྩིས་རིག་པ་སོགས་གྱེན་ལངས་འབོད་ཚིག་བྲིས་པ། དེ་བཞིན་ཤོག་སྟོང་དཀར་པོ་འཕྱར་བ་སོགས་རེད། 

གྱེན་ལངས་ངོ་རྒོལ་གྱི་རྒྱབ་ལྗོངས་དང་རྒྱུ་རྐྱེན་ཕལ་ཆེ་བ་ཞིག་འབོད་སྒྲ་རང་ནས་ཁ་གྲགས་ཡོང་གི་ཡོད་པའི་སྟེང་། ཐེངས་འདིའི་གྱེན་ལངས་ངོ་རྒོལ་གྱི་རྒྱབ་ལོགས་ན་འཇིགས་ཡེར་པའི་དཔོན་རིགས་བར་གྱི་དབང་ཆའི་འཐབ་རྩོད་ཅིག་ཀྱང་ཤུགས་ཀྱིས་ཚུད་ཡོད་པར་དཔྱད་མཁན་མང་། 

གང་ལྟར། ད་ལྟ་འབྱུང་བཞིན་པའི་རྒྱ་ནག་ནང་གི་གྱེན་ལངས་ངོ་རྒོལ་འདི་ཕྱི་ཕྱོགས་སུ་ས་ཁྱབ་རྡོ་ཁྱབ་ཏུ་འགྲོ་བཞིན་པས། མི་ཚང་མར་འདིའི་སྐོར་ལ་གོ་ཐོས་རྒྱུས་མངའ་ཅུང་ཙམ་རེ་མེད་མཁན་མེད་པའི་ཚོད་དུ་མཆིས་པས་ན། སྐབས་སུ་བབ་པས་བཤད་འདོད་པ་ནི། གྱེན་ལངས་ངོ་རྒོལ་སྐོར་མིན་པར་ང་ཚོ་བཙན་བྱོལ་སྤྱི་ཚོགས་ཀྱི་ངོས་ནས་གནད་དོན་དེར་ཁ་ཕྱོགས་ནོར་ལམ་དུ་འགྲོ་མི་རུང་པའི་ཐད་ནས་སྐད་ཆ་འགའ་བཤད་འདོད། 

ཐོག་མར་ང་ཚོས་དགྲ་དང་གཉེན་ནོར་མི་རུང་པའི་སྐད་ཆ་འདི་ཡིན། ང་ཚོ་བཙན་བྱོལ་དུ་ཚོགས་པ་སྒྲིག་འཛུགས་དང་སྒེར་པ་ཁག་ཅིག་གིས་ཐེངས་འདིའི་གྱེན་ལངས་ངོ་རྒོལ་བྱེད་མཁན་རྒྱ་རིགས་ཚོར་གདུང་སེམས་མཉམ་སྐྱེད་ཡོད་པའི་རྣམ་པ་འདྲ་མིན་ཞིག་སྟོན་ཅི་ཐུབ་བྱེད་བཞིན་པ་འདི་རེད། ངས་ཁྱེད་ཚོར་བཤད། རྒྱ་མི་རིགས་ཀྱིས་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་ནས་ང་ཚོ་བོད་ལ་བཙན་འཛུལ་གྱི་འཐབ་ཇུས་རིམ་པར་བཤམས་མྱོང་ལ། ཧམ་སེམས་དེ་དུས་ནམ་ཡང་དོར་མ་མྱོང་། རྒྱ་རིགས་སུ་ཞིག་གི་ལག་མགོར་ང་ཚོའི་ཕ་མེས་ཚོ་དམར་གསོད་བཏང་པའི་ཁྲག་འགོས་མེད་དམ། 

ཡང་ཅིག་བཤད་ན། མའོ་ཙེ་ཏུང་ནས་ཞི་ཅིན་ཕིན་བར་དུ་དཔོན་རིགས་ལ་འགྱུར་བ་ག་ཚོད་ཕྱིན་ཡོད་རུང་བོད་ཐོག་ལ་འཛིན་པའི་བཙན་རྒྱལ་རིང་ལུགས་ཀྱི་ལངས་ཕྱོགས་དང་དྲག་གནོན་སྡུག་རྩུབ། མི་རིགས་རྩ་མེད་ཀྱི་སྲིད་ཇུས་ལ་འགྱུར་བ་ཐེབས་མྱོང་ངམ། འདས་པའི་མི་ལོ་དྲུག་བཅུ་ལྷག་གི་རིང་། རྒྱ་ནག་དབུས་དང་ཞིང་ཆེན། ཁུལ། རྫོང་རིམ་པ། གྲོང་སྡེ་རིམ་པའི་བར་གྱི་དཔོན་རིགས་དང་ལས་བྱེད་ཀྱི་གྲངས་ཚད་དང་མི་རབས་ལ་འགྱུར་པ་ག་ཚོད་ཕྱིན་ཡང་གོང་གི་གནད་དོན་དེ་དག་ཐད་ཇེ་སྡུག་དང་ཇེ་མཁྲེགས་ལས་བཟང་ཕྱོགས་ཀྱི་འགྱུར་བ་ཅི་ཞིག་སོང་ཡོད། འདི་རྒྱ་མི་རིགས་རེད། དཔོན་དང་གཞུང་སུ་དང་གང་ཡིན་མིན་དེ་མ་རེད། རྒྱ་རིགས་ཆེན་པོའི་ཧམ་སེམས་དང་སྡུག་རྩུབ་ནི་དཔོན་རིགས་རེ་འགའ་དང་གཞུང་འཛིན་པ་རེ་ཟུང་ཙམ་མ་ཡིན་པར་རྒྱ་མི་རིགས་འདི་ཡི་ཁྲག་རྒྱུན་ན་ཡོད་པའི་ནད་རྙིང་ཅིག་རེད།

མཚམས་འདི་ནས། གནད་དོན་འདི་དག་ལ་རྒྱུས་མངའ་ཡོད་པའི་ཐོག་ནས་བོད་ལ་མཚོན་ན་ཁྱེད་ལ་རྒྱ་མི་རིགས་དང་རྒྱ་ནག་གཞུང་གཉིས་སོ་སོར་བགར་ཐུབ་བམ། ཉིན་གཅིག་ཞི་ཅིན་ཕིན་གི་ལག་པ་རེད་མ་གཏོགས་ཞི་ཅིན་ཕིན་མ་རེད་ཡང་ལབ་མི་སྲིད་པ་མ་རེད། ཡན་ལག་ལྔ་སོ་སོར་བཞག་ན་ད་དུང་ཞི་ཅིན་ཕིན་ཅིག་ལྷག་ཡོད་དམ། བོད་ནང་གི་རྒྱའི་བཅའ་སྡོད་ལས་བྱེད་དང་། རྒྱ་རིགས་ཚོང་པ། ཡུལ་སྐོར་སྤྲོ་འཆམ་པ་སོགས་ཀྱིས་བོད་ནང་དུ་དབྱེ་འབྱེད་དང་ཐུབ་ཚོད། བཤུ་གཞོག་ག་ཚོད་གཏོང་གི་ཡོད་པ་དངོས་སུ་མྱོང་ཚོར་དེ་རྒྱུད་མྱོང་མཁན་ཤིག་ཡིན་ན་ཤེས་གསལ་རེད། དེ་བཞིན་པེ་ཅིན་གཙོས་རྒྱའི་གྲོང་ཁྱེར་ཁག་དུ་མཐའ་ན་མགྲོན་ཁང་ཙམ་ལ་འདུག་རྒྱུར་ཡང་དབྱེ་འབྱེད་ག་ཚོད་མྱོང་གི་ཡོད། དེ་བཞིན་མཐའ་ན་རང་དབང་ལུང་པ་ན་ཡོད་པའི་རྒྱ་རིགས་སློབ་མ་དང་ཚོང་པ། དམངས་གཙོ་དོན་གཉེར་བ་ཡིན་ཟེར་མཁན་ཚོར་རྒྱ་རིགས་ཆེན་པོའི་བསམ་བློ་གང་འདྲ་ཡོད་པ་ང་ཚོར་གསལ་ངེས་རེད། དཔེར་ན་ཉེ་ཆར་ཧྤ་རན་སིར་རྒྱ་རིགས་ཟ་ཁང་ཞིག་ཏུ་བོད་མིར་རིབ་རྡུང་དམར་གསོད་བཏང་པ་མ་ཟད་གད་སྙིགས་ནང་གཡུག་བཞག་པ་དེ་ཙམ་གྱིས་ཁྱེད་ཚོར་གོ་རྟོགས་ཤིག་ཟད་ཐུབ་ཀྱི་མི་འདུག་གམ།

རྒྱ་གསར་རྙིང་སུ་ཡིན་རུང་། གཞུང་དང་མི་མང་གང་ཡིན་རུང་། ཁོ་ཚོ་ནི་བཙན་འཛུལ་པ་རེད། བོད་མིའི་ཁྲག་འཐུང་མཁན་གཅིག་མཚུངས་རེད། བོད་ཡུལ་བཤུ་གཞོག་བྱེད་མཁན་ཁོ་ཚོ་རེད། བོད་ཡུལ་སྡུག་གི་མུན་པར་སྦྱར་ཏེ་ཕྱིར་རྒྱ་ཡུལ་དུ་སླེབས་རྗེས་བོད་མིའི་ཁྲག་འཐུང་ཞིང་བཤུ་གཞོག་གི་ཁེ་ཕན་ལོངས་སུ་སྤྱོད་སྐབས་ཁོ་ཚོའི་ནང་ཁུལ་དུ་ཆ་སྙོམས་བྱུང་མ་སོང་ཞེས་ནང་འཁྲུག་རྒྱག་གི་ཡོད་རེད། ཁོ་ཚོའི་ནང་འཁྲུག་གི་ཕྱོགས་གང་ནས་ང་ཚོ་ལངས་རུང་ཁྲག་འཐུང་མཁན་རང་གི་གཉའ་ལ་ཁུར་པ་རེད། 

ད་དུང་ཤེས་རྒྱུ་ཞིག་ལ། ཁོ་ཚོས་དཔོན་པོ་བརྗེ་དགོས་ཟེར་གི་ཡོད་རེད། གཞུང་བརྗེ་དགོས་ཟེར་གི་ཡོད་རེད། དཔོན་དང་གཞུང་བརྗེས་ཀྱང་ང་ཚོར་ཁྱད་པར་ག་རེ་འགྲོ་གི་རེད། ཁོ་ཚོ་ཚང་མའི་ཧམ་སེམས་རང་འཇགས་རེད། མའོ་ཙེ་ཏུང་གིས་ཀྱང་དང་ཐོག་འབྱོར་མེད་གྲལ་རིམ་དང་བཟོ་ལས་མང་ཚོགས་ཀྱི་ཁ་གཡང་འོག་ནས་གསར་བརྗེ་བྱེད་དགོས་ཞེས་བརྗོད་པ་རེད། 

མདོར་བསྡུས་ན། ཕ་མེས་དམར་གསོད་གཏོང་མཁན་མཉམ་དུ་ཉི་མ་དེ་རིང་གདུང་སེམས་མཉམ་སྐྱེད་ཟེར་པའི་བྱ་སྤྱོད་འདི་ནི། ལག་དམར་ལ་དཔའ་དར་འཐེན་པ་རེད། གཞན་སུ་ལ་ཡང་གདུང་སེམས་མཉམ་སྐྱེད་བྱེད་ཆོག་རུང་། རྒྱ་མི་ལ་གདུང་སེམས་མཉམ་སྐྱེད་བྱེད་པའི་ཉི་མ་དེ་ནས་བོད་པ་ཞིག་ཡིན་པ་དང་། བཙན་བྱོལ་བ་ཞིག་ཡིན་པ། བཙན་བྱོལ་དུ་བོད་ཀྱི་འཐབ་རྩོད་སེམས་མཁན་ཞིག་གི་ངོས་ནས་བླ་བཙོང་ཚར་པ་རེད།།

 

Share this:

Leave a Reply