ལོ་གཉིས་འོག་གི་བྱིས་པ་ཚོར་ཁ་རས་བསྐོན་ན་ཉེན་ཁ་ཆེ་ཚུལ་བཤད་འདུག

ཉི་ཧོང་གི་བྱིས་པའི་བདེ་ཐང་ཆེད་ལས་ཚོགས་པ་ཞིག་གིས་བརྗོད་པ་ལྟར་ན། ལོ་གཉིས་མ་ཟིན་པའི་བྱིས་པ་རྣམས་ལ་ཁ་རས་བསྐོན་ན་ཉེན་ཁ་ཆེ་བས་སྐོན་ཉན་མི་འདུག 

དེ་ཡང་ད་ལྟའི་ཆར་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ས་ཕྱོགས་ཀུན་དུ་ཁྱབ་ནས་ཁ་རས་གྱོན་བ་དེ་ཆེས་རྒྱུན་ལྡན་དུ་འགྱུར་བཞིན་ཡོད་ཀྱང་། ལོ་གཉིས་ཀྱི་འོག་ཏུ་ཡོད་པའི་བྱིས་པ་རྣམས་ལ་ཁ་རས་བསྐོན་ན་ཉེན་ཁ་ཆེན་པོ་ཡོད་སྐོར་བརྗོད་འདུག 

ཉི་ཧོང་གི་ནད་ཡམས་སྔོན་འགོག་དང་འབྲེལ་བའི་འཕྲོད་བསྟེན་ལམ་སྟོན་ནང་། མི་རྣམས་ལ་ཁ་རས་གྱོན་དགོས་པའི་སྐུལ་མ་བཏང་ཡོད་ན་ཡང་། ལོ་གཉིས་འོག་གི་བྱིས་པ་ཚོར་ཁ་རས་བསྐོན་ན། བྱིས་པའི་གདོང་གི་མདངས་དང་།རྣ མ་འགྱུར། དབུགས་ཀྱི་རྒྱུ་བ་བཅས་ལ་འགྱུར་བ་ཕྱིན་པ་དོ་སྣང་ཡོང་དཀའ་བས། ཕ་མ་ཚོས་ཁོ་ཚོར་ཁ་རས་སྐོན་མི་ཉན་པའི་ཉེན་བརྡ་བཏང་འདུག 

འཕྲོད་བསྟེན་བླང་དོར་གྱི་ཤོག་བྱང་དེའི་ནང་“ཁ་རས་ཀྱིས་བྱིས་པ་དམར་འབྱར་རྣམས་དབུགས་གཏོང་དཀའ་བ་དང་། ཚ་བའི་ཉེན་ཁ་ཆེ་རུ་གཏོང་བཟོ་སྲིད་”ཅེས་འཁོད་པའི་ཐོག བྱིས་པ་དམར་འབྱར་རྣམས་ལ་དབུགས་ཀྱི་རྒྱུ་ལམ་ཕྲ་བ་ཡོད་པས། ཁ་རས་ཀྱིས་དབུགས་འབྱིན་རྔུབ་ཁག་ཏུ་བཏང་ནས་གློ་བར་དཀའ་ངལ་འཕར་མ་སྟེར་སྲིད་ཚུལ་དང་། ལྷག་པར་དུ་བྱིས་པ་ཆུང་ཆུང་ཚོས་ཁ་རས་ནང་དུ་སྐྱུག་པ་བསྐྱུགས་ན་དབུགས་སུབ་ཐེབས་པའི་ཉེན་ཁ་ཆེན་པོ་ཡོད་ཚུལ་སོགས་འཁོད་འདུག 

གཞན་ཡང་། ཆེད་ལས་ཚོགས་པ་དེས་ལོ་གཉིས་མ་ཟིན་པའི་བྱིས་པ་ཚོར་ནད་ཡམས་འགོ་བའི་ཉེན་ཁ་གཞན་ལས་ཆུང་བས། ཁ་རས་གྱོན་མི་དགོས་པའི་མཐའ་སྡོམ་ཡང་བརྒྱབ་ཡོད་འདུག

ཉི་ཧོང་གི་སྲིད་བློན་ཤིན་ཛོ-ཨ་བྷེ་(Shinzo Abe)ཡིས་བདུན་འདིའི་རེས་གཟའ་ཟླ་བའི་ཉིན་ཟླ་བ་གཅིག་མ་ཟིན་ཙམ་གྱི་རྒྱལ་ཡོངས་ཛ་དྲག་བཀའ་རྒྱ་ཕྱིར་བསྡུ་བྱས་རྗེས། ཨ་རི་དང་། རྒྱ་གར། ལྷོ་ཨ་ཧྥི་རི་ཀ་བཅས་འདུས་པའི་རྒྱལ་ཁབ་ ༡༡༡ ནས་ཕྱི་མི་ཡོང་མི་ཆོག་པའི་བཀའ་རྒྱ་བསྒྲགས་ན་ཡང་། ཉི་ཧོང་གི་མི་སེར་རྣམས་བརྟག་དཔྱད་

རྒྱལ་སྤྱིའི་ཚད་འཛིན་དུ་གྱུར་བའི་ཧབ་ཁིན་མཐོ་སློབ་(Johns Hopkins University)ཀྱི་གྲངས་ཐོར་གཞིགས་ན།ད་ལྟའི་ཆར་ཉི་ཧོང་དུ་གཏན་ཁེལ་བྱུང་བའི་ནད་པ་༡༦,༥༨༡དང་།རྐྱེན་འདས་སུ་གྱུར་བ་༨༣༠བྱུང་འདུག། 

གསར་འགོད་པ་དཀོན་མཆོག་རབ་བརྟན།