ལྕམ་ནེན་སི་པི་ལོ་སིའི་སྨན་བཅོས་ལམ་ལྷོང་ཡག་པོ་བྱུང་།

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་དང་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེར་གནང་མཁན་ལྕམ་ནེན་སི་པི་ལོ་སི་ཉེ་ཆར་བརྡབ་སྐྱོན་བྱུང་སྟེ་དཔྱི་རུས་ལ་གས་ཆག་ཤོར་ཡང་སྨན་བཅོས་ལམ་ལྷོང་ཆེན་པོ་བྱུང་འདུག

ཟླ་འདིའི་ཚེས་༡༥ཉིན་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན།ཉེ་ཆར་ལྕམ་ནེན་སི་པི་ལོ་སི་LUXUEMBOURGལ་གཞུང་འབྲེལ་གྱི་མཛད་སྒོ་ཞིག་ལ་ཕེབས་པ་དང་། སྐབས་དེར་ཁོང་མོའི་རྐང་པ་གཡོན་པ་སྐས་འཛེག་ནས་ཟག་སྟེ་བརྡབ་སྐྱོན་བྱུང་ཡོད་འདུག། རེས་གཟའ་སྤེན་པའི་ཉིན་ཁོང་མོའི་མགྲིན་ཚབ་པས་དཔྱི་ཚིགས་བརྗེ་ལེན་གྱི་བཤག་བཅོས་དེ་ལམ་ལྷོང་བྱུང་སོང་ཞེས་བརྗོད་འདུག་པ་དང་།
ཨ་རིའི་དམག་མིས་ལུག་སེམ་སྦུག་ནས་ཁོང་མོ་འཇར་མན་གྱི་Landstuhl Regional Medical Center)ལན་ཌི་སི་ཊོལ་ས་གནས་སྨན་ཁང་དུ་ཛ་དྲག་སྨན་བཅོས་ཆེད་མཁའ་ཐོག་ནས་ཁྱེར་ཡོད་འདུག་པ་དང་།སྨན་ཁང་དེ་ནི་ལོ་མང་རིང་ཨ་རིའི་དམག་མི་འཐབ་འཛིང་ཁྲོད་རྨས་སྐྱོན་ཕོག་པ་རྣམས་ལ་སྨན་བཅོས་བྱེད་སའི་དམག་མིའི་སྨན་ཁང་གལ་ཆེན་ཞིག་ཡིན་འདུག མུ་མཐུད་མགྲིན་ཚབ་པ་IANKRAGERགྱིས་གྲོས་ཚོགས་འོག་མའི་འཐུས་མིའི་ཚོགས་ཆུང་ཞིག་དང་ལྷན་དུ་ལྕམ་ནེན་སི་པི་ལོ་སི་ལུག་སེམ་སྦུག་ཏུ་དམག་འཁྲུག་མཇུག་བསྒྲིལ་ནས་ལོ་བརྒྱད་ཅུ་འཁོར་བའི་རྗེས་དྲན་ཉིན་མོར་ཕེབས་པའི་སྐབས་སུ་རྨས་སྐྱོན་ཕོག་སྟེ་སྨན་ཁང་དུ་བརྟག་དཔྱད་བྱེད་དུ་འགྲོ་དགོས་བྱུང་བ་དང་།དགུང་ལོ་༨༤ཡིན་པའི་ལྕམ་ནེན་སི་པེ་ལོ་སི་མོ་རང་ད་ལྟ་སྨན་པ་དང་ཆེད་ལས་སྨན་པ་སོགས་ཀྱི་ལྟ་སྐྱོང་ཡག་པོའི་འོག་ཏུ་ཡོད་པར་བརྗོད་པ་དང་།

དེ་བཞིན་ཁོང་མོས་མུ་མཐུད་ལས་དོན་གནང་བཞིན་ཡོད་ལ།ཨ་རིའི་ལོ་རྒྱུས་ནང་གི་བྱས་རྗེས་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པ་དང་དམིགས་བསལ་ཚོགས་ཆུང་གི་ལྷག་མའི་ལས་རིམ་ཁག་ལ་ཕེབས་མ་ཐུབ་པར་ཐུགས་ཕམ་ཆེན་པོ་གནང་གི་ཡོད་ཅེས་བརྗོད་པ་དང་།  དེ་བཞིན་ཁོང་གིས། པེ་ལོ་སི་མཆོག་གང་མགྱོགས་ཨ་རིར་ཕྱིར་ལོག་གནང་རྒྱུར་རེ་སྒུག་གནང་བཞིན་ཡོད་ཅེས་བརྗོད་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཆོས་དབྱངས།