ཤོག་པག་རྐྱེན་པས་མི་༡༡༢ ཡི་ཚེ་སྲོག་ཤོར་བ།
རྒྱ་གར་ལྷོ་ཕྱོགས་ཀེ་རི་ལ་མངའ་སྡེའི་ལྷ་ཁང་ཞིག་ཏུ་ཤོག་པག་བརྒྱབ་པའི་རྐྱེན་གྱིས། མི་༡༡༢ ཀྱི་ཚེ་སྲོག་ཤོར་བ་དང་མི་༤༠༠ ལྷག་ལ་རྨས་སྐྱོན་ཚབས་ཆེན་བྱུང་ཡོད་འདུག
ཟླ་འདིའི་ཚེས་༡༠ ཉིན་རྒྱ་གར་ཀེ་རི་ལའི་དགོན་པ་ཞིག་ཏུ་ཁུལ་དེའི་ལོ་གསར་སྲུང་བརྩིའི་ཤོག་པག་འགྲེམས་སྟོན་བྱེད་སྐབས། ཤོག་པག་ཅིག་ཤོག་པག་མང་པོ་གསོག་འཇོག་བྱས་ནས་བཞག་ཡོད་སར་འབར་ནས། འབར་གས་ཤུགས་ཆེན་བྱུང་བ་དང་མེ་ཆེན་པོ་ཤོར་ཡོད་བ་དང། དགོན་པའི་ཁང་བརྩེགས་ཤིག་རྡིབ་ནས་གོད་ཆག་ཆེན་པོ་བྱུང་ཡོད་འདུག
ས་གནས་གཞུང་ནས་ལྷ་ཁང་དེ་ལ་བདེ་འཇགས་ཀྱི་ཆེད་དུ་ཤོག་པག་སྤར་རྒྱུའི་ཆོག་མཆན་སྤྲད་མེད་ནའང་། མི་མང་གིས་གནོན་ཤུགས་ལ་བརྟེན་དགོན་པའི་ཆོས་དཔོན་ཚོས་ཤོག་པག་སྤར་ཡོད་འདུག ད་ལྟའི་ཆར་ཉེན་རྟོག་པས་གནས་ཚུལ་དེ་དང་འབྲེལ་ནས་མི་༥ འཇུ་བཟུང་བྱས་ཡོད་འདུག མངའ་སྡེ་གཞུང་ནས་འདས་པོ་རྣམས་ཀྱི་ནང་མི་ཚོར་འབུམ་༡༠ རེ་དང་རྨས་སྐྱོན་ཚབས་ཆེན་འཕོག་པ་རྣམས་ལ་འབུམ་༢ རེ། དེ་བཞིན་རྨས་སྐྱོན་ཚབས་ཚུང་ཕོག་པ་རྣམས་ལ་ཁྲི་༥ རེ་རོགས་སྐྱོར་ཆེད་དུ་སྤྲོད་རྒྱུ་ཡིན་པ་དང། རྒྱ་གར་གཞུང་ནས་འདས་པོ་རྣམས་ཀྱི་ནང་མི་ཚོར་འབུམ་༢ རེ་སྤྲོད་རྒྱུ་ཡིན་འདུག
འདས་པའི་ལོ་གསུམ་ནང་ས་གནས་དེར་ཤོག་པག་དང་འབྲེལ་ནས་མི་༤༥༡ ཡི་ཚེ་སྲོག་ཤོར་ཡོད་འདུག
རྒྱ་གར་ནང་ལོ་ལྟར་ལོ་གསར་སྐབས་སུ་ཤོག་པག་ཕོན་ཆེན་པོ་སྤར་གྱི་ཡོད་པར་བརྟེན་མཁའ་རླུང་སྦགས་བཙོག་བཟོ་ཡི་ཡོད་ཁར། དེའི་རྐྱེན་པས་མེ་ཤོར་བ་དང་མིའི་ཚེ་སྲོག་ཤོར་བའི་གནས་ཚུལ་མང་པོ་འབྱུང་གི་ཡོད་པས། མངའ་སྡེ་ཁ་ཤས་ནང་རྒྱ་གར་གྱི་ལོ་གསར་སྐབས་སུ་ཤོག་པག་མི་སྤར་བའི་ཆེད་དུ་མི་མང་ལ་འབོད་སྐུལ་གྱི་ལས་འགུལ་འདྲ་མིན་སྤེལ་གྱི་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།