སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་གྲངས་རྩིས་བཤེར་ཟིན་ཡོད་པ་རེད།
བཀའ་ཤག་སྐབས་བཅོ་ལྔ་པའི་སྲིད་སྐྱོང་དང་། སྤྱི་འཐུས་སྐབས་བཅུ་དྲུག་པའི་འཐུས་མི་་བཙན་བྱོལ་བོད་མི་གནས་སྡོད་བྱེད་སའི་ས་གནས་གང་སར་འོས་བསྡུས་བྱས་ཏེ། ཟླ་འདིའི་ཚེས་༡ ཉིན་འོས་གྲངས་ཆ་ཚང་རྩིས་བཤེར་ཟིན་པ་དང་། སྲིད་སྐྱོང་ལས་བློ་བཟང་སེང་གེ་ལ་འོས་གྲངས་༣༠༥༠༨ ཐོབ་ཡོད་པ་རེད།
ཤེས་རྟོགས་བྱུང་བ་ལྟར་ན།
བློ་བཟང་སེང་གེ། ༣༠༥༠༨
སྤེན་པ་ཚེ་རིང་། ༡༠༧༣༢
ཀླུ་མཁར་བྱམས། ༢༥༥༧
བཀྲ་ཤིས་དབང་འདུས། ༡༨༨༠
བཀྲ་ཤིས་སྟོབས་རྒྱལ། ༣༨
རྒྱ་རི་སྒྲོལ་མ། ༣༤
ཕྱི་ཟླ་༡༠ ཚེས་༡༩ ཉིན་དབུས་འོས་བསྡུ་ལས་ཁང་གིས་སྲིད་སྐྱོད་དང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་གཞི་བཀྲམ་ཕྱོགས་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང་། དེའི་ནང་དང་པོ། འོས་སྒྲིག་དོན་ཚན་ ༤༩ ནང་གསལ་ལྟར་སྐབས་༡༦ པའི་བོད་མི་མང་སྤྱི་འཐུས་ཐོབ་ཁུངས་སོ་སོའི་ཐོབ་ཆའི་གྲངས་ཚད་ཀྱི་གསུམ་ལྡབ་ལས་མི་ཉུང་བའི་སྔོན་འགྲོའི་འོས་གཞི་འདོན་རྒྱུ་དང་། དངོས་གཞིའི་སྐབས་ཐོབ་ཁོངས་སོ་སོའི་ཐོབ་ཆའི་གྲངས་ཚད་ཀྱི་ཉིས་ལྡབ་ཐོག་དངས་བླངས་ཇི་ཡོད་བཅས་འདོན་རྒྱུ།
གཉིས་པ། འོས་སྒྲིག་དོན་ཚན་༦༧ ནང་གསལ་ལྟར། སྲིད་སྐྱོང་གི་དངོས་གཞིའི་འོས་གཞི་གཏན་འབེབས་གསལ་བསྒྲགས་མ་བྱས་གོང་དུ་འོས་ཁོངས་ནས་དགོངས་ཞུ་ཕྱིར་འཐེན་གོ་སྐབས་སྤྲོད་ཆེད་འོས་དམིགས་དྲུག་ལས་མ་མང་བ་སྔོན་འགྲོའི་འོས་གཞིར་འདོན་རྒྱུ་དང། དངོས་གཞིའི་སྐབས་འོས་གཞི་གཉིས་ལས་མ་ཉུང་བ་གསལ་བསྒྲགས་བྱེད་དགོས། ཞེས་གསལ་བའི་དགོངས་དོན་ལྟར། དངོས་གཞིའི་འོས་གཞི་གཉིས་འདོན་རྒྱུ་ཡིན་ཞིང་། གལ་སྲིད་གཉིས་པ་དང་གསུམ་པའི་དབར་འོས་ཐོབ་བརྒྱ་ཆ་ཉི་ཤུ་ལས་ཉུང་བ་ཡིན་ཚེ་དངོས་གཞིའི་འོས་གཞི་གསུམ་འདོན་རྒྱུ་ཡིན།
ཅི་སྟེ་སྲིད་སྐྱོང་གི་དངོས་གཞིའི་འོས་ཐོབ་དང་པོ་དང་གཉིས་པ་འདྲ་མཉམ་བྱུང་ཚེ་སྐབས་མཚམས་ཐག་གཅོད་བྱ་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ་ཞེས་བཀྲམ་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།