ས་སྐྱ་ ༧གོང་མ་ཁྲི་ཆེན་རྫོགས་ཆེན་དགོན་དུ་ཆིབས་བསྒྱུར།

ཟླ་འདིའི་ཚེས་༡༩ ཉིན་གྱི་ཉིན་རྒྱབ་ས་སྐྱ་ ༧གོང་མ་ཁྲི་ཆེན་རིན་པོ་ཆེ་རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་སྒར་དུ་རྟེན་གཞི་བྱས་པའི་ རྫོགས་ཆེན་དགོན་པར་ཕེབས་ཏེ། བཞུགས་ཁྲིར་ཞབས་སོར་འཁོད་པ་དང་། རྙིང་མའི་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་དང་། ས་གནས་འགོ་འཛིན། ས་འཐུས་ཚོགས་གཙོ་བཅས་ནས་རིམ་པས་རྟེན་གསུམ་འདེགས་འབུལ་གནང་།
ཚེས་༢༠ ཉིན་སྔ་དྲོ་ཆུ་ཚོད་༩ པ་ནས་གསུང་ཆོས་ར་བར་ཞབས་སོར་འཁོད་དེ་མང་ཚོགས་རྣམས་ལ་ཀུན་སློང་ཀུན་སྤྱོད་བཅོས་དགོས་རྒྱུ་གལ་བའི་རིམ་པ་ནས་ནང་ཆོས་ངོ་སྤྲོད་གནང་སོང་། དེ་ནས་དངོས་གཞི་ལ་གྲུབ་ཆེན་ཐང་སྟོང་རྒྱལ་པོས་མཛད་པའི་ཚེ་དབང་ལོ་བརྒྱ་མའི་ཚེ་དབང་བཀའ་དྲིན་ཆེ་བར་མཛད་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།