སུད་སི་གཞུང་གིས་བོད་མིའི་ངོ་རྒོལ་ལས་འགུལ་ཚད་བཀག་བཟོས་པ།

ཟླ་འདིའི་ཚེས་༡༥ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཡུ་རོབ་སུད་སིའི་རྒྱལ་ས་བྷེན་ནང་དུ་འབྱོར་གྱི་ཡོད་པ་དང་། སུད་སི་གཞུང་གིས་བོད་མི་ཚོའི་ངོ་རྒོལ་ལས་འགུལ་ལ་དུས་ཚོད་དང་ས་ཆ་ཚད་བཀག་བཟོས་ཡོད་འདུག

དེ་ཡང་ཟླ་འདིChina's President Xi Jinping looks on during a meeting with Laos' Prime Minister Thongloun Sisoulith (not seen) at the Great Hall of the People in Beijing, China, December 1, 2016. REUTERS/ Nicolas Asouri/Poolའི་ཚེས་༡༣ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་རེའི་ཊོར་དྲ་རྒྱར་གནས་ཚུལ་བཀོད་གསལ། སུད་སིའི་རྒྱལ་ས་བྷེན་གྲོང་ཁྱེར་གྱི་བདེ་འཇགས་འགན་འཛིན་གྱིས། ཁོང་དང་བོད་མི་རྣམས་གྲོས་མོལ་བྱས་ནས་མཐའ་མའི་ཐག་གཅོད་ལ། བོད་མི་ཚོས་ངོ་རྒོལ་ལས་འགུལ་ཆུ་ཚོད་གཉིས་རིང་སྤེལ་རྒྱུ་ཡིན་པ་དང་། དེ་ཡང་སྲིད་འཛིན་ཞི་ཅིན་ཕིང་བྷེན་ལ་མ་འབྱོར་བའི་ཉིན་གུང་སྔོན་ནས་མཇུག་བསྒྲིལ་དགོས་པ། ལས་འགུལ་སྤེལ་ཡུལ་སུད་སིའི་གྲོས་ཚོགས་ལས་ཁང་ལས་ཁང་རྩེག་སྟར་པ་གསུམ་གྱི་རྒྱང་ཐག་ལ་ཡོད་པའི་ཁྱམས་ར་གྲུ་བཞི་མར་སྤེལ་རྒྱུའི་མོས་མཐུན་བྱུང་ཡོད་པས། བོད་མི་ཚོས་མོས་མཐུན་དེ་ལྟར་ལག་བསྟར་བྱེད་པའི་རེ་བ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

སུད་སི་བོད་མིའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྙིང་བུས། ཁོ་ཚོས་བོད་མིའི་བྱ་སྤྱོད་ལ་བརྟེན་ནས་སུད་སི་གཞུང་ལ་དཀའ་ངལ་མི་འཕྲད་པའི་ཆེད་དུ་ཕྱོགས་གཉིས་བར་གྲོས་མཐུན་བཞག་དགོས་བྱུང་བ་དང་། སུད་སི་གཞུང་གི་ཆོག་མཆན་ལྟར་ལས་འགུལ་སྤེལ་རྒྱུ་ཡིན་པས། བོད་མི་ཚང་མ་ལ་ཞི་ཅིན་ཕིང་ལ་ངོ་རྒོལ་བྱེད་རྒྱུ་གལ་ཆེ་ཡང་། བོད་མིར་ཡོད་པའི་བརྩི་མཐོང་དེ་མུ་མཐུད་ཉར་རྒྱུ་དེ་ལས་གལ་ཆེ་བ་ཡིན་སྐོར་གྱི་གསལ་བསྒྲགས་སྤེལ་སྐོར་བརྗོད་ཡོད་འདུག

གནད་དོན་དེ་དང་འབྲེལ་ནས་རྒྱལ་སྤྱིའི་ཉེས་ཡང་ཚོགས་པས། ཐག་གཅོད་དེས་སྨྲ་བརྗོད་དང་འདུ་འཛོམས་ཀྱི་རང་དབང་ལ་དམ་བསྒྲགས་ཉེན་ཚབས་ཅན་ཞིག་ཡིན་པ་ངོས་འཛིན་བྱེད་དགོས་སྐོར་གྱི་བསྒྲགས་གཏམ་སྤེལ་ཡོད་འདུག

ཕྱི་ལོ་༡༩༩༩ ལོར་སྐབས་དེའི་རྒྱ་ནག་གི་སྲིད་འཛིན་ཅང་ཙེ་མིན་སུད་སི་རྒྱལ་ས་བྷེན་ལ་འབྱོར་སྐབས། སུད་སིའི་གྲོས་ཚོགས་ཀྱི་ཉེ་འཁོར་ཁང་བརྩེགས་ཐོག་ལ་ངོ་རྒོལ་ལས་འགུལ་སྤེལ་ཡོད་འདུག་པ་དང་། ལས་འགུལ་བ་ཁ་ཤས་ཀྱིས་རྒྱ་ནག་གི་སྐུ་ཚབ་རྣམས་ལ་སྒོ་ང་གཞུ་རྩིས་བྱས་སྐབས་ཉེན་རྟོག་པས་བཀག་ཡོད་འདུག་པས། ཐེངས་འདིར་སུད་སིའི་གྲོས་ཚོགས་ཁང་བརྩེགས་ཀྱི་ཉེ་འཁོར་ས་ཁུལ་རྣམས། ཚེས་༡༥ ཡི་ཞོགས་པ་ནས་ཚེས་༡༦ གི་ཉིན་རྒྱབ་བར་མི་མང་རྣམས་ལ་སྒོ་རྒྱག་རྒྱུ་ཡིན་འདུག

སྲིད་འཛིན་ཞི་ཅིན་ཕིང་སུད་སི་ལ་འཛམ་གླིང་དཔལ་འབྱོར་ལྷན་ཚོགས་ལ་ཚོགས་ཞུགས་བྱེད་པར་སླེབས་རྒྱུ་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།