སུད་སིར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་༣༢ འཛིན་བཟུང་བཀག་ཉར་བྱས་འདུག

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་སུད་སིའི་རྒྱལ་ས་བྷེན་ལ་འབྱོར་བ་དང་བསྟུན། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མང་དག་ཅིག་གིས། ཉེན་རྟོག་པས་ཚད་བཀག་བཟོས་པའི་ངོ་རྒོལ་གྱི་ས་གནས་ལ་ངོ་རྒོལ་ལས་འགུལ་སྤེལ་རྐྱེན། མི་གྲངས་༣༢ འཛིན་བཟུང་བྱས་ཡོད་འདུག་པ་དང་། བོད་མི་ཞིག་གིས་རང་ལུས་མེར་སྲེག་ཐབས་བྱས་འདུག་ཀྱང་། ཉེན་རྟོག་པས་བཀག་འགོག་བྱས་ནས་སྨན་ཁང་ལ་སྨན་བཅོས་བྱེད་བཞིན་ཡོད་འདུག

_93581119_4be2adbf-a077-4b19-8e26-712929aeac39དེ་ཡང་ཟླ་འདིའི་ཚེས་༡༥ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་སུད་སིར་གཞུང་འབྲེལ་ཕྱོགས་བསྐྱོད་དང་འབྲེལ། འཛམ་གླིང་དཔལ་འབྱོར་ལྷན་ཚོགས་ལ་མཉམ་ཞུགས་བྱེད་པར་སླེབས་ཡོད་པས། སུད་སིའི་གྲོས་ཚོགས་ཁང་བརྩེགས་ལས་རྒྱང་ཐག་རིང་བའི་ཁྱམས་ར་གྲུ་བཞི་མ་ཞིག་ལ། དེ་སྔོན་སུད་སིའི་གཞུང་གི་མི་སྣ་དང་བོད་མི་བར་མོས་མཐུན་བྱུང་བ་ལྟར། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་༧༠༠ ནས་༨༠༠ བར་ཞིག་གིས་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག

བྷེན་གྲོང་ཁྱེར་གྱི་གཞུང་འབྲེལ་མི་སྣས་བརྗོད་དོན་ལ། ལས་འགུལ་དེ་ཕལ་ཆེ་བ་ཞི་བའི་ངང་ཕྱིན་ཡོད་ཀྱང་། དེ་སྔོན་མོས་མཐུན་བྱུང་བའི་དུས་ཚོད་བརྒལ་ཟིན་ཀྱང་། ལས་འགུལ་བ་ཁག་ཅིག་གིས་མུ་མཐུད་ངོ་རྒོལ་བྱས་པ་དང་། ངོས་འཛིན་ལག་ཁྱེར་མ་སྟོན་པ་སོགས་བྱས་ཡོད་འདུག

ཉེན་རྟོག་ལས་ཁང་གི་མགྲིན་ཚབ་པས་ད་ལྟའི་ཆར་འཛིན་བཟུང་བྱས་པའི་ལས་འགུལ་བ་ཚང་མ་གློད་གྲོལ་བཏང་ཟིན་སྐོར་བརྒྱུད་ལམ་ཁག་ལ་འགྲེལ་བརྗོད་བྱས་ཡོད་འདུག །

_93581122_f46a1ac1-0eb6-4e00-852f-f974f8af6cfaགསར་འགོད་པ་སྐལ་བཟང་དོན་གྲུབ།