སེམས་ཀྱི་ཞི་བདེ་ནི་ཚེ་སྒྲུབ་མཆོག་རེད་ཅེས་༧གོང་ས་མཆོག་ནས་གསུངས་གནང་སོང་།

སྤྱི་ནོར་༧་གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསུངས་དོན་ལ་ནུབ་ཕྱོགས་པའི་ཚན་རིག་པ་ཁྲོད་ནས་ཆོས་ལ་དད་པ་མེད་མཁན་ཡོད་ཀྱང་། སེམས་ཁམས་རིག་པའི་ཐོག་ནས་སེམས་ལ་ཞི་བདེ་ཡོང་ཐབས་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། སེམས་ཀྱི་ཞི་བདེ་ནི་ཚེ་སྒྲུབ་མཆོག་རེད་འདུག་ཅེས་གསུངས་གནང་སོང་། 

ཕྱི་ལོ་༢༠༢༤ ཟླ་བ་༢ ཚེས་༢༤ ཉིན་དང་བོད་ཟླ་༡ ཚེས་༡༥ ཉིན་ཆོ་འཕྲུལ་དུས་ཉིན་སྤྱི་ནོར་༧གོང་ས་༧་སྐྱོབས་མགོན་ཆེན་པོ་མཆོག་ནས་སྐྱེས་རབས་བཀའ་ཆོས་དང་འབྲེལ་ནས་ཆོས་འབྲེལ་བསྩལ་སྐབས་གསུངས་དོན་ལ། དེང་སང་ཕྱིའི་དངོས་པོ་ཡར་རྒྱས་ཆེན་པོ་འགྲོ་བཞིན་པའི་སྐབས་སུ་ནང་སེམས་ཀྱི་ཞི་བདེ་དེ་གལ་ཆེན་པོ་བརྩི་ནས་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་འདུག ནང་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་སུ་ཆོས་ལུགས་ཚང་མ་ནང་དཀོན་མཆོག་ལ་གསོལ་བ་འདེབས་ཡག་དང་དད་པ་བྱེད་ཡག་ཡོད་ཀྱང་། སེམས་ཁམས་རིག་པ་དང་འབྲེལ་ནས་སེམས་ཀྱི་ཞི་བདེ་སྐྲུན་ཐབས་བྱེད་མཁན་ནང་པའི་ཆོས་གཅིག་པུ་དང་ལྟ་གྲུ་ཟབ་ཤོས་ཆགས་རེད་དའུག ངའི་ངོ་ཤེས་པའི་ནུབ་ཕྱོགས་པའི་ཚན་རིག་པ་ཁྲོད་ནས་སེམས་ཁམས་རིག་པ་ཐོག་ནས་སེམས་ཀྱི་ཞི་བདེ་སྐྲུན་ཐབས་བྱེད་མཁན་ཇེ་མང་ཇེ་མང་དུ་འགྲོ་བཞིན་འདུག་ལ། ང་རང་ཚོའི་ནང་པ་སངས་རྒྱས་པའི་ཆོས་ཀྱིས་སེམས་ཁམས་རིག་པའི་ཐོག་ནས་སེམས་ཀྱི་ཞི་བདེ་སྒྲུབ་ཀྱི་ཡོད་རེད། ཕྱིའི་དངོས་པོ་ཡར་རྒྱས་འགྲོ་བཞིན་པ་དང་མཉམ་དུ་སེམས་ཀྱི་ཞི་བདེ་སྒྲུབ་ཐབས་དེ་སེམས་ཁམས་རིག་པའི་ཐོག་ནས་སྒྲུབ་དགོས་པ་དེ་ཚན་རིག་དང་མཐུན་པའི་གནད་དོན་ཞིག་ཆགས་ཀྱི་ཡོད་རེད། ང་ཚོ་བོད་གངས་ཅན་ལྗོངས་ལ་ཡོད་པའི་ཆོས་དེ་སེམས་ཁམས་རིག་པ་དང་འབྲེལ་བའི་སེམས་ཀྱི་ཞི་བདེ་སྒྲུབ་ཐབས་ཀྱི་ཆོས་ཀྱི་གཅིག་པུ་ཆགས་ཀྱི་ཡོད་རེད། དེ་མི་འདྲ་བ་ཞིག་ཆགས་ཀྱི་ཡོད་རེད། ང་ངོ་ཤེས་པ་མང་པོ་ཡོད་རེད་ལ་ཆོས་དད་ཆེན་པོ་ཡོད་པའི་མི་མང་པོ་ཡོད་རེད་དེ། སེམས་ཀྱི་ཞི་བདེ་སྒྲུབ་ཐབས་སུ་དཀོན་མཆོག་ལ་གསོལ་འདེབས་ཡག་ཞིག་མ་གཏོགས་། སེམས་ཁམས་རིག་པའི་ཐོག་ནས་སེམས་ཀྱི་ཞི་བདེ་སྒྲུབ་བྱེད་མཁན་ནང་པ་སངས་རྒྱས་པའི་ཆོས་ལུགས་གཅིག་པུ་རེད་འདུག་ལ། དེ་བའི་ནང་ནས་དཔེ་ན་ལི་ཌའི་ཆོས་ལུགས་དེ་ཟབ་ཤོས་ཆགས་འདུག དེང་སང་ཚན་རིག་པ་ནང་ནས་ཆོས་ལ་དད་པ་མེད་མཁན་ཡོད་ཀྱང་། སེམས་ཁམས་རིག་པའི་ཐོག་ནས་སེམས་ལ་ཞི་བདེ་སྒྲུབ་ཐབས་བྱེད་མཁན་དང་། ཐབས་ལམ་གསར་པ་ཞིག་དང་མཐོང་ཚུལ་གསར་པ་ཞིག་ཡོང་བཞིན་ཡོད་པ་རེད། དེ་རིང་ཁ་སང་ནུབ་ཕྱོགས་རྒྱལ་ཁབ་ནས་ཆོས་ལ་དད་པ་མེད་ཀྱང་། སེམས་ཀྱི་ཞི་བདེ་དཀྲུག་མཁན་ནི་སེམས་རྒྱུད་ལ་ཡོད་པའི་ཆགས་ལྡང་གཉིས་པོ་དེ་ཤུགས་ཆུང་དུ་གཏོང་ཡག་དང་གཙོ་བོ་སྙིང་རྗེའི་བློ་དེ་གལ་ཆེན་པོ་བརྩི་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། ནང་པ་སངས་རྒྱས་པའི་སྔར་གྱི་མཁས་པ་དཔལ་ལྡན་ཟླ་བ་གྲགས་པ་དང་། མགོན་པོ་ཀླུ་སྒྲུབ་ལ་སོགས་པ་སྙིང་རྗེའི་བློ་དེ་གལ་ཆེ་པོ་ཡིན་པ་གསུངས་ཡོད་པ་དང་། དེ་དག་ལས་དམིགས་བསལ་དཔལ་ལྡན་ཟླ་བ་གྲགས་པའི་གཞུང་དེ་ཚོས་རྙིང་རྗེ་སྐོར་ཟབ་ཅིང་རྒྱ་ཆེ་བ་གསུངས་གནང་འདུག དེར་བརྟེན་སྙིང་རྗེ་བློ་དེ་ཧ་ཅང་གལ་ཆེན་པོ་རེད་འདུག དུད་འགྲོ་ཞིག་ཡིན་པ་ཡང་གཅིིག་གིས་གཅིག་ལ་བརྩེ་བ་དང་སྙིང་རྗེ་བྱས་ནས་ཕན་ཚུལ་འཆམ་པོ་དང་མཐུན་པོ་ཡོང་གི་ཡོད་རེད་ཅེས་གསུངས་གནང་སོང་། ད་དུང་གསུངས་དོན་ལ་དེང་སང་འཛམ་བུ་གླིང་ནང་ཚེར་བའི་བློ་དེ་འཕལ་བའི་དུས་ཤིག་ཡིན་དུས་སྙིང་རྗེ་བློ་དེ་མེད་དུ་མིན་རུང་བ་རེད་ཅེས་གསུངས་། 

མགོན་གང་ཉིད་ཀྱང་ཞོགས་པ་སྔར་པོ་ཡང་བཞེས་པ་ནས་སྙིང་རྗེའི་བློ་དང་སྟང་ཉིད་སྐོར་བསམ་བློ་གཏོང་གི་ཡོད་པ་བརྟེན། ཚེ་སྒྲུབ་ཀྱང་ཡག་ཤོས་དེ་རེད་འདུག སེམས་ལ་ཞི་བདེ་ཡོད་ན་ལུས་ཀྱི་འབྱུང་བ་རྣམས་ཀྱང་སྙོམས་པོ་དང་ལུས་ཀྱང་བདེ་པོ་ཡོང་གི་འདུག  གཞན་སེམས་འཁྲུག་ནས་ལུས་ཀྱི་འབྱུང་བ་རྣམས་ཀྱང་འཁྲུག་ནས་ཟུར་དུ་ཚེ་སྒྲུབ་བྱེད་ཡག་ཟེར་བ་དེ་དག་ཕན་ཐོགས་ཆེན་པོ་བྱེད་ཐུབ་རྒྱུ་ཁག་པོ་རེད་ཅེས་གསུངས་གནང་སོང་ལ། སེམས་ལ་ཞི་བདེ་ཡོང་ན་དེ་ཚེ་སྒྲུབ་ཀྱང་མཆོག་རེད་འདུག ང་རང་ཚོ་བོད་གངས་ཅན་ལྗོངས་ལ་ཡོད་པའི་སངས་རྒྱས་པའི་ཆོས་དེ་ཚེ་སྒྲུབ་ཀྱང་མཆོག་རེད་འདུག དེ་རིང་མང་ཚོགས་ཚོས་ཤེས་དགོས་པ་ཞིག་ལ་ང་ཚོ་བོད་ཀྱི་སངས་རྒྱས་པའི་ཆོས་དེ་རིག་པ་དང་ལྡན་པ། སེམས་ཁམས་རིག་པའི་སྐོར་ཕྱུག་པོ་ཡོད་པ་ཞིག་རེད། སྤྱི་འཛམ་བུ་གླིང་ནང་ཆོས་ལུགས་མང་པོ་ཡོད་ཀྱང་སྙིང་རྗེ་སྐོར་རིག་པ་དང་ལྡན་པའི་ཐོག་ནས་གསུངས་མཁན་ང་ཚོ་བོད་གངས་ཅན་གྱི་ལྗོངས་ཀྱི་ནང་པ་སངས་རྒྱས་པའི་ཆོས་ལུགས་དེ་གཅིག་པུ་རེད་འདུག  ནང་པ་སངས་རྒྱས་པའི་ཆོས་དེ་འཛམ་བུ་གླིང་གིས་གཅེས་ནོར་རེད་ཅེས་ལབ་ཐུབ་ཡག་རེད་འདུག རྒྱུ་མཚན་ནི་ཆན་རིག་དང་ལྡན་པའི་ཐོག་ནས་ནང་སེམས་ཀྱི་ཞི་བདེ་སྒྲུབ་ཐུབ་པའི་རིག་གཞུང་ང་ཚོ་གཅིག་པུ་ཡོད་པ་ཞིག་རེད་འདུག མ་འོངས་པ་ཡིན་ན་ཡང་བོད་ཀྱི་ནང་པ་ནང་པ་སངས་རྒྱས་པའི་ཆོས་དེ་བདག་པོ་ཡག་པོ་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་རེད་། ད་བར་བོད་པའི་བདག་པོ་ཡག་པོ་བརྒྱབས་ཡོད་རེད། མི་གཤིས་བཟང་པོ་ཞིག་པོ་ཞིག་ཡོང་ཐབས་བྱས་ནས་འཛམ་བུ་གླིང་སྤྱི་ལ་ཕན་ཐོགས་ཐུབ་པའི་ང་ཚོ་བོད་པའི་བྱེད་དགོས་རེད་ཅེས་མགོན་པ་ག་ཉིད་ཀྱིས་གསུངས་གནང་སོང་།

དེ་རིང་ཆོ་འཕྲུལ་དུས་སྐབས་སུ་དབུ་མིའི་སྒྲིག་འཛུགས་ཀྱི་འཛིན་གཙོ་རྣམས་པ་དང་། སྐྱ་སེར་མི་མང་སྟོང་ཕྲག་གཅིག་ཡས་མས་ཤིག་ཕེབས་གནང་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།