གཞོན་ལྷན་ཚོགས་གཙོ་སོགས་བོད་མི་ལས་འགུལ་བ་བཀག་ཉར།

14620036_1283942441629622_790182952_n
TYC

དེ་རིང་རྒྱ་གར་གྷོ་ཝ་རུ་བོད་མིས་ཞི་ཅིན་ཕིང་ལ་ངོ་རྒོལ་བྱས་པར་བརྟེན། གཞོན་ལྷན་ཚོགས་གཙོ་བསྟན་འཛིན་འཇིགས་མེད་དང་དབུས་རྒྱུན་སྤེན་པ་ཚེ་རིང་སོགས་ལས་འགུལ་བ་༦༠ ཙམ་རྒྱ་གར་ཉེན་རྟོག་པས་བཀག་ཉར་བྱས་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཚེས་༡༥ ཉིན་རྒྱ་གར་ལྷོ་ཕྱོགས་གྷོ་ཝར། རྒྱ་གར་དང་རྒྱ་ནག། ཨུ་རུ་སུ། བྷེ་ར་ཛིལ། ལྷོ་ཨ་ཕེ་རི་ཀ་བཅས་རྒྱལ་ཁབ་༥ ཡི་བར་ལ་BRICS ལྷན་ཚོགས་འགོ་འཛུགས་བྱས་ཡོད་པ་དང་བསྟུན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྣེ་ཁྲིད་འོག་བོད་ཀྱི་བདག་དབང་ཕྱིར་སྤྲོད་དགོས་པ་དང་བླ་རུང་སྒར་ལ་གཏོར་བཤིག་གཏོང་བ་མཚམས་འཇོག་དགོས་པའི་སྐད་འབོད་ལས་འགུལ་ཞིག་སྤེལ་ཡོད་འདུག་པ་དང་། ལས་འགུལ་བ་ལས་འགུལ་༦༠ ཙམ་རྒྱ་གར་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག

14625466_1283942401629626_1046340535_n
SFT

དེ་བཞིན་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་ཞིག་གིས། རྒྱལ་ཁབ་ཁག་གི་ལྷན་ཚོགས་དེ་ཚོགས་ཡུལ་གྱི་ནུབ་གྷོ་ཝའི་ཁུལ་གྱི་མཚོ་ཁར་། གྲུ་གཟིངས་ཀྱི་འཐེན་ཤུགས་ལ་བརྟེན་ནས་ནམ་མཁའ་འཕུར་བཞིན་པའི་མཁའ་མཆོང་ལྒང་ཕུག་ཐོག་བོད་ལ་རང་དབང་དགོས་ཞེས་པའི་འཕྲེད་དར་བཅངས་ནས་མཁའ་འཕུར་བྱས་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།