སྦག་སྦག་ཞྭ་མོ་མེད་ན་རྡོ་སྣུམ་བཙོང་རྒྱུ་མིན་པ།

དྷ་སར་སྦག་སྦག་གི་ཞྭ་མོ་མ་གྱོན་ན། རྡོ་སྣུམ་ས་ཚིགས་ཀྱི་ལས་བྱེད་ཚོས་རྡོ་སྣུམ་བཙོང་རྒྱུ་མིན་པའི་ཁྲིམས་གསར་ཞིག་བཟོས་འདུག

daཁྲིམས་གསར་དེ་ཟླ་འདིའི་ཚེས་༡༡ ཉིན་ནས་ལག་བསྟར་བྱེད་རྒྱུ་ཡིན་འདུག་པ་དང་། ཁྲིམས་དེ་ལག་ལེན་ཡོང་ཆེད་འགན་བཞེས་མཁན་གཙོ་བོ་དྷ་ས་དང་ཀང་རྭ་རྫོང་གི་ཉེན་རྟོག་པའི་སྤྱི་ཁྱབ་དཔོན་པོ་སན་ཇེ་གྷན་རྡི་ཡིས། དྷ་སའི་ཁུལ་དུ་ཡོད་པའི་རྡོ་སྣུམ་ས་ཚིགས་༡༢ ཀྱི་བདག་པོ་ཚང་མས་ཁྲིམས་གསར་དེར་མོས་མཐུན་བྱས་ཡོད་པ་དང་། དེ་ནི་ཉེ་ཆར་སྦག་སྦག་བརྡབ་སྐྱོན་གྱི་གནས་ཚུལ་མང་དུ་འགྲོ་བཞིན་ཡོད་པས། རིན་ཐང་ཆེ་བའི་ཚེ་སྲོག་ལ་ཉེན་ཁ་ཆུང་དུ་གཏོང་ཆེད་ཡིན་སྐོར་འགྲེལ་བརྗོད་བྱས་འདུག

དེ་བཞིན་གལ་ཏེ་མི་ཞིག་གིས་སྦག་སྦག་ཞྭ་མོ་མ་གྱོན་ནས་རྡོ་སྣུམ་ཉོ་བར་སླེབས་ཚེ། ཉེན་བརྡ་ཐེངས་གསུམ་གཏོང་རྒྱུ་ཡིན་པ་དང་། དེའི་རྗེས་རྡོ་སྣུམ་ས་ཚིགས་༡༢ ཚང་མས་དོ་བདག་དེར་རྡོ་སྣུམ་བཙོང་རྒྱུ་མིན་པའི་ཐག་གཅོད་བྱས་འདུག ཁྲིམས་དེ་ཡུལ་སྐོར་སྤྲོ་འཆམ་པ་ཚོར་ཡང་གཅིག་མཚུངས་ཀྱི་ལག་བསྟར་བྱེད་རྒྱུ་ཡིན་འདུག
དྷ་སའི་ཁྲིམས་གསར་དང་འབྲེལ་ནས། བྷེ་ཇེ་ན་ཐེའི་རྫོང་ཁོངས་ཀྱི་ས་གནས་སུ་ཡང་ཁྲིམས་གསར་དེ་ལག་བསྟར་བྱེད་རྒྱུ་ཡིན་འདུག
གསར་འགོད་པ་སྐལ་བཟང་དོན་གྲུབ།