སྲིད་ཟུར་དང་བུ་འཁྲིད་ལགས་དཀར་པོ་ཆེ་རྣམ་གཉིས་ཀྱིས་ནན་སི་པེ་ལོ་སི་ལ་ཐུགས་རྗེ་ཆེ་ཞུས་འདུག

ཟླ་འདིའི་ཚེས་༡༧ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནན་སི་པེ་ལོ་སི་ཡིས ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོའི་ལས་གནས་ནས་རྒན་ཡོལ་གནང་རྒྱུའི་གསལ་བསྒྲགས་གནང་བར།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཟུར་པ་འབུམ་རམས་པ་བློ་བཟང་སེང་གེས་བོད་མི་ཚོས་ཨ་རིའི་ལུང་པ་ཞེས་གོ་དུས། དོགས་གཞི་གང་ཡང་མེད་པའི་ཐོག་ནས་བསམ་བློའི་ནང་ནིན་སི་པེ་ལོ་སི་རང་བཞིན་གྱིས་ཤར་ཡོང་གི་ཡོད། གང་ཡིན་ཟེར་ན། ལོ་བཅུ་ཕྲག་མང་པོའི་རིང་ལྕམ་ཁོང་ནི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གྱི་འཐབ་རྩོད་མི་སྣ་གཙོ་བོ་དང་། ༧གོང་ས་མཆོག་གི་བློས་ཐུབ་ཀྱི་གྲོགས་པོ་རེད། འདས་པའི་དུས་ཡུན་ནང་ངས་སྲིད་སྐྱོང་གི་འགན་ཁུར་པའི་སྐབས། ཨ་རིའི་ས་གནས་ཌི་སི་ལ་ཐེངས་འགའ་ཐུག་འཕྲད་བྱུང་བ་དང་། ཕྱི་ལོ་ ༢༠༡༧ ལོར་མོ་དང་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་རྡ་སར་གདན་འདྲེན་ཞུས་ཐུབ་པ་བཅས་ནི། ཆེས་རྩ་ཆེན་དང་དགའ་འོས་པ་ཞིག་ཆགས་ཡོད། ལྕམ་ཁོང་དང་ནང་མི་ལྟོས་བཅས་སྐུ་གཟུགས་གསལ་ཐང་དང་། ཅི་བསམ་ལྷུན་འགྲུབ་ཡོང་བའི་སྨོན་འདུན་ཞུ་ཞེས་རང་ཉིད་ཀྱི་དྲ་ཐོག་ཏུ་བཞག་ཡོད་པ་དང་།

གཞན་ཡང་། ཁེ་ན་ཌ་གནས་སྡོད་བོད་མི་བུ་འཁྲིད་ལགས་དཀར་པོ་ཆེ་ཡིས་ཀྱང་། ཆབ་སྲིད་ཀྱི་ལྟ་བ་གང་འདྲ་ཞིག་ཡིན་རུང་། ནན་སི་པེ་ལོ་སི་ནི་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་གཞན་དང་མི་འདྲ་བ་དེང་རབས་ཨ་རིའི་ཆབ་སྲིད་ལ་འགྱུར་ལྡོག་གཏོང་མཁན་ཞིག་ཡིན་པ་དང་། ལྷག་པར་དུ་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་རྒྱབ་སྐྱོར་འོག་ཁོང་གིས་ཁྲིམས་གལ་ཆེན་ཁག་ཅིག་བཟོ་ཡོད་པ་དང་། ཁོང་ནི་འཛམ་གླིང་གང་སར་ཡོད་པའི་བོད་མི་རྣམས་ཀྱི་ནུས་སྟོབས་ལྡན་པའི་གྲོགས་མོ་ཞིག་ཡིན་རབས་དང་། ཨ་རིའི་གྲོས་ཚོགས་ནང་ཁོང་དང་མཇལ་འཕྲད་བྱས་པར་ཧ་ཅང་དགའ་པོ་བྱུང་། ཐུགས་རྗེ་ཆེ་ཞེས་འཁོད་པའི་ཡི་གེ་ཞིག་རང་ཉིད་ཀྱི་དྲ་ཐོག་ཏུ་བཞག་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||