སྲིད་འཛིན་གཞོན་པས་བྷའེ་ཌན་སྲིད་གཞུང་ལ་རྒྱ་ནག་ལ་“དོཊ་ཟོན་ནན་པོ་”དགོས་པའི་སྐུལ་མངགས་གནང་འདུག

ལས་ཡུན་རྫོགས་བཞིན་པའི་ཨ་རིའི་སྲིད་འཛིན་གཞོན་པ་མཱ་ཁིཕན་སི་(Mike Pence)ཡིས་བྷའེ་ཌན་སྲིད་གཞུང་གསར་པ་ལ་ཨ་རྒྱའི་འབྲེལ་ལམ་ཐོག་ནས་དམིགས་བསལ་དོགས་ཟོན་ནན་པོ་བྱེད་དགོས་པའི་སྐུལ་མངགས་གནང་འདུག

ཊོམ་སྲིད་གཞུང་བརྗེས་ཏེ་བྷ་ཌན་སྲིད་གཞུང་བསླེབ་པར་ཉིན་གཉིས་ལས་མེད་པའི་སྐབས་འདིར། སྲིད་འཛིན་གཞོན་པ་མཱ་ཁིཕན་སི་ཡིས་སྲིད་གཞུང་གསར་པ་ལ་ལངས་ཕྱོགས་གཅིག་པ་འཛིན་དགོས་པ་དང་།རྒྱ་ནག་གི་བཙན་ཤེད་དང་ཚོང་ལས་གཡོ་བྱུས་ལ་ཁ་གཏད་གཅོག་དགོས་པའི་སྐུལ་མ་གནང་འདུག

ཕྱི་ཟླ་ ཨ་རིའི་ཚེས་ ༡༦ རེས་གཟའ་སྤེན་པའི་ཉིན་སྲིད་འཛིན་གཞོན་པས་མཚོ་དམག་ཁག་ཅིག་ལ་མཐའ་མཇུག་གི་གསུང་བཤད་ཅིག་གནང་སྐབས། ཁོང་གིས་ཨ་རིའི་སྲིད་གཞུང་གསར་པ་ཞིག་གིས་ལས་ཁུངས་འཛིན་པའི་གྲ་སྒྲིག་བྱེད་བཞིན་པའི་སྐབས་འདིར། ང་ཚོ་ཨ་རི་བ་ཞིག་ཡིན་པའི་ཆ་ནས་རང་དབང་གི་རིན་དོད་ནི་གཏན་དུ་དོགས་ཟོན་ལྟ་སྲུང་བྱེད་རྒྱུ་དེ་ཡིན་པ་དྲན་དགོས། རང་དབང་ལྡན་ཞིང་མཉམ་སྤྱོད་བྱེད་ཆོག་པའི་ཞི་བདེ་རྒྱ་མཚོའི་ས་ཁུལ་དེ་ང་ཚོའི་དར་རྒྱས་དང་བདེ་འཇགས་ལ་གལ་གནད་ཡིན་པ་མ་ཟད། འཛམ་གླིང་གི་རང་དབང་ལ་མེད་ཐབས་བྲལ་བ་ཞིག་ཆགས་ཡོད་ཅེས་གསུངས་འདུག

ཁོང་གིས་གསུང་བཤད་དེ་མ་གནང་བའི་ཉིན་འགའི་སྔོན་དུ། ཊོམ་སྲིད་གཞུང་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་རྒྱ་ནག་ལ་ཇི་ལྟར་ཁ་གཏད་གཅོག་དགོས་པའི་སྐོར་གྱི་ཡིག་ཆ་ཞིག་ཕྱིར་བསྒྲགས་བྱས་པའི་ནང་། རྒྱ་གར་གྱིས་གཙོས་པའི་ཨེ་ཤི་ཡའི་མཐུན་ཕྱོགས་རྒྱལ་ཁབ་རྣམས་ལ་མངོན་ཤུགས་བརྒྱུད་གསུམ་ནས་རོགས་རམ་བྱས་ཏེ། རྒྱ་ནག་ལ་མཐའ་གཅིག་ཏུ་ཁ་གཏད་བཅག་ནས་ཨ་རིའི་ཁེ་ཕན་སྲུང་སྐྱོབ་དང་། ཨ་རིའི་དབང་ཤུགས་མུ་མཐུད་ཨང་དང་པོར་གནས་པ་བྱེད་དགོས་ཚུལ་འཁོད་ཡོད་འདུག

རྒྱ་ནག་གི་ཕྱོགས་ནས་ཨ་རིའི་སྲིད་གཞུང་གསར་པ་དང་ལྷན་དུ་རེ་བའི་སྒུའུ་ཁུང་གསར་པ་ཞིག་བྱེ་བའི་རེ་བ་རྒྱག་བཞིན་ཡོད་ལ།རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་ཉམས་ཞིབ་པ་ཁ་ཅིག་གིས་བྷའེ་ཌན་སྲིད་གཞུང་གི་འོག་ཏུ་ཨ་རྒྱའི་འབྲེལ་ལམ་བསྐྱར་གསོ་ཡོང་ངེས་པའི་ཚོད་དཔག་བྱེད་ཀྱི་ཡོད། འོན་ཀྱང་། ཨ་རིའི་གཞུང་ནས་དེ་སྔོན་དང་མི་འདྲ་བར་རྒྱ་ནག་གིས་དངོས་སུ་ཨ་རིའི་དཔལ་འབྱོར་དང་། བདེ་འཇགས། དབང་ཤུགས། མང་གཙོའི་ལམ་ལུགས་སོགས་ལ་ཉེན་ཁ་ཚབས་ཆེན་བཟོ་བཞིན་པའི་ངེས་ཤེས་རྙེད་ཡོད་པར་བརྟེན། ཨ་རྒྱའི་འབྲེལ་ལམ་དེ་སྔོན་ཆད་ལྟར་ཡོང་རྒྱུ་ཤིན་ཏུ་ཁག་པོ་ཆགས་ཡོ