སྲིད་སྐྱོང་ཕྱོགས་ཕེབས།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ནེའུ་ཛི་ལན་ཌི་དང་ཨོ་སུ་ཁྲོ་ལིས་ཡ་བཅས་སུ་གཞུང་འབྲེལ་ཕྱོགས་སྐྱོད་ཕེབས་བཞིན་འདུག
ཟླ་འདིའི་ཚེས་༡༤ དགོང་མོར་སྲིད་སྐྱོང་སྤེན་པ་ཚེ་རིང་ནེའུ་ཛི་ལན་ཌིའི་ནང་ཕེབས་འབྱོར་བྱུང་འདུག་པ་དང་། ཨོ་སུ་ཁྲོ་ལི་ཡའི་སྐུ་ཚབ་དོན་གཅོད་དང་ཨོཀ་ལེན་ཌིའི་བོད་རིགས་ཚོགས་པའི་རྒྱུན་ལས། བོད་རྒྱ་མཛའ་འབྲེལ་ཚོགས་པའི་ཚོགས་མི་གཙོས་པའི་བོད་རིགས་ཚོས་ཕེབས་བསུ་ཞུས་ཡོད་འདུག  ཚེས་༡༥ སྔ་དྲོར་ནེའུ་ཛི་ལན་ཌི་རྒྱལ་ཡོངས་རླུང་འཕྲིན་ཁང་དང་ ཉིན་རེའི་གསར་ཤོག་ (New Zealand Herald) ཞེས་པ་གཉིས་ཀྱི་གསར་འགོད་པའི་བཅར་འདྲིར་དང་ལེན་གནང་། དེའི་རྗེས་སུ་དཔལ་སྤུངས་ཆོས་ཚོགས་སུ་བོད་རིགས་ཚོ་དང་མཇལ་འཕྲད་དང་བཀའ་མོལ་གནང་རྒྱུ་ཡིན་འདུག ནེའུ་ཛི་ལན་ཌིའི་གྲོང་ཁྱེར་ཨོག་ལེན་ཌའི་ནང་རྟེན་གཞི་བྱས་པའི་ (Ellerslie War Memorial Hall) ཞེས་པའི་ཚོགས་ཁང་ནང་དགོང་ཚིགས་རྒྱས་སྟོན་དང་འབྲེལ་བའི་མཛད་སྒོར་མཉམ་ཞུགས་ཀྱིས་བོད་དོན་སྐོར་གསུང་བཤད་གནང་། ཕྱི་དྲོར་བོད་དོན་རྒྱབ་སྐྱོར་བ་ཚོར་བཀའ་མོལ་དང་། ཨོཀ་ལེན་ཌིར་བོད་རིགས་ཚོགས་པའི་རིག་གཞུང་འཁྲབ་སྟོན་ལ་ཕེབས་རྒྱུ། ཚེས་༡༦ ཉིན་ནེའུ་ཟི་ལེན་ཌིའི་རྒྱལ་སར་ཡོད་པའི་བོད་ཀྱི་གྲོགས་པོ་ཚོགས་པ་དང་གྲོས་ཚོགས་འཐུས་མི། ཆོས་ཚོགས་ཁག་གི་སློབ་མ་བཅས་ལ་མཇལ་འཕྲད་དང་བཀའ་མོལ་གནང་རྒྱུ། གཞན་ཡང་ཚེས་ ༡༧ ཉིན་ཨོ་གླིང་སིན་ཌི་ནེ་ཁུལ་གྱི་ས་གནས་བོད་རིགས་མང་ཚོགས་ལ་གཏམ་བཤད་དང་། རྒྱ་རིགས་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་ལ་མཇལ་འཕྲད། དེ་བཞིན་སིན་ཌི་ནེ་ཞོགས་པའི་གསར་ཁང་གི་བཅར་འདྲིར་ལན་འདེབས་གནང་རྒྱུ་བཅས་ཡིན་འདུག ཚེས་ ༢༡ ཉིན་ཨོ་གླིང་གསར་འགོད་མཐུན་ཚོགས་ཀྱི་གོ་སྒྲིག་འོག སྲིད་སྐྱོང་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་དང་ཞི་བདེ་ཡོང་ཐབས་ཀྱི་ཐོག་ལ་གསུང་བཤད་གནང་རྒྱུ་ཡིན་འདུག

གསར་འགོད་པ་བསྟན་འཛིན་ལམ་བཟང་།