སྲིད་སྐྱོང་འོས་མི་བཀྲ་ཤིས་སྟོབས་རྒྱལ་གྱིས་ང་བསམ་བློ་ཅན་ལ་གོ་སྐབས་གནང་རོགས་གསུངས་སོང་།

ཟླ་འདིའི་ཚེས་༩ མཚན་མོ་ཆུ་ཚོད་༨ པའི་ཐོག་བཀྲ་ཤིས་སྟོབས་རྒྱལ་གྱིས་ཁོང་༢༠༢༡ ལོའི་སྲིད་སྐྱོང་འོས་མི་ལ་ལངས་ཡོད་པའི་གསར་འགོད་གསལ་བསྒྲགས་ཤིག་ངོ་དེབ་བརྒྱུད་སྤེལ་ཡོད་པ་དང་། སློབ་སྦྱོང་ཅན་དང་བསམ་བློ་ཅན་གཉིས་ལས་ང་བསམ་བློ་ཅན་ལ་གོ་སྐབས་གནང་དགོས་པ་དང་། ཨ་རི་སོགས་གྲོང་ཁྱེར་རྫིག་པོ་ནང་འཚར་མཁན་གྱིས་མི་མང་གིས་དཀའ་ངལ་མཐོང་བ་ལས་སེལ་ཐུབ་ཀྱི་མེད། ཁོང་མི་མང་དང་སྐྱིད་སྡུག་གཅིག་པ་ཡིན་པས་སྲིད་སྐྱོང་གྲགས་ཤོས་དེ་ཁོང་གིས་བྱེད་ཐུབ་པ། ང་དང་ང་ཚོའི་གཞུང་དགོས་པར་ང་ལུག་རྫི་སློབ་སྦྱོང་བྱེད་མ་མྱོང་མཁན་ལ་འོས་བླུག་དགོས་རེད། ད་ལྟ་སྲིད་སྐྱོང་ལ་ལངས་ཡོད་མཁན་ཚང་མར་དང་པོ་ངའི་བཀའ་ཤག་ནང་གོ་སྐབས་གནང་རྒྱུ་ཡིན་སྐོར་གསུངས་སོང་།

ཁོང་གིས་གསལ་བསྒྲགས་སྐབས། ཁོང་བོད་ལ་སྐྱིད་པའི་ཉི་མ་ཤར་བའི་ཆེད་དུ་སྲིད་སྐྱོང་དུ་ལངས་ཡིན་པ་དང་། བོད་ཀྱི་བདེན་མཐའ་གསལ་ཆེད། ང་ཚོ་སྔོན་དང་མི་འདྲ་བར་ད་ལྟའི་ཆར་དཔལ་འབྱོར་གྱི་ཆ་ནས་མཉམ་འབྲེལ་རྒྱལ་ཁབ་ནང་ཞུ་གཏུག་ཐུབ་པ་དང་། ཤེས་ཡོན་གྱི་ཆ་ནས་མཉམ་འབྲེལ་རྒྱལ་ཁབ་ནང་མི་བརྒྱ་ཆ་༩༨ ཀྱིས་ཞུ་གཏུག་ཐུབ་པ་ཆགས་ཡོད་པས། ད་ལྟ་དེ་ལ་དཔག་པའི་འགོ་ཁྲིད་ཅིག་དགོས་སྐོར་དང་། ལོ་ཉི་ཤུ་རིང་ཟམ་གདོང་རིན་པོ་ཆེ་མཁས་དབང་རེད། མཁས་དབང་གིས་སྟོང་བཤད་བརྒྱབ་བསྡད་པ་དང་། བློ་བཟང་སེང་གེ་སྤྱང་པོ་རེད། སྤྱང་པོས་མགོ་སྐོོོར་བཏང་། གླེན་པའི་རེ་བ་བྱས་བསྡད་པ་ཞིག་ཁོང་གིས་མཐོང་གི་ཡོད་སྐོར་གསུངས་སོང་ལ། དེ་བཞིན་བློ་བཟང་སེང་གེ་རྒྱལ་རབས་ལོ་རྒྱུས་བཤད་མཁན་དང་། ཁོང་ལོ་རྒྱུས་བཟོ་མཁན་ཞིག་ཡིན། བློ་བཟང་སེང་གེས་སྲིད་ཇུས་གཅིག་སྒྲིལ་དང་། རང་ཁ་རང་གསོ། གསར་བཏོད་བཅས་༢༠༡༡ ལོ་ནས་གསུངས་པ་དང་། ཁོང་གིས་གཅིག་སྒྲིལ། རང་ཁ་རང་གསོ། གསར་བཏོད་བཅས་༢༠༠༢ ལོ་ནས་ཟམ་གདོང་རིན་པོ་ཆེར་ཞུས་ཡོད་སྐོར་ཡང་གསུངས་སོང་།

རྒྱ་ནག་གིས་བོད་ཟ་ཐུབ་ཀྱི་མ་རེད་ལ། ༧གོང་ས་མཆོག་བཞུགས་ཡོད་པའི་སྐབས་བོད་རྒྱ་ཞི་མོལ་གནང་ཐུབ་ན་ཁྱེད་རང་ཚོར་ཁེ་བཟང་ཡིན་པ་ད་ལྟ་ནས་བཤད་ཡོད་ད་ཞེས་རྒྱ་ནག་ལ་བཤད་རྒྱུ་ཡིན་སྐོར་དང་། ཡང་བཀྲ་ཤིས་སྟོབས་རྒྱལ་ང་ལ་སློབ་སྦྱོང་མི་འདུག་ཟེར་མཁན་ཡོད་ནའང། འཛམ་གླིང་གི་ཆབ་སྲིད་འགོ་ཁྲིད་ལ་སློབ་སྦྱོང་གི་ཆ་རྐྱེན་མེད་སྐོར་དང་། ཟམ་གདོང་རིན་པོ་ཆེ་དང་བློ་བཟང་སེང་གེ་གཉིས་ཀྱིས་རིང་སློབ་སྦྱོང་གིས་ཅི་བྱེད་ཐུབ་མེད་པ་དང་། ཆིག་སྒྲིལ་དེ་སྲིད་སྐྱོང་བློ་བཟང་སེང་གེ་དང་། སྤེན་པ་ཚེ་རིང་གཉིས་ཐེད་ཚེ་སྦེད་ཚེ་བཏང་སྐོར། ཤེས་ཡོན་ཅན་དང་བསམ་བློ་ཅན་གཉིས་དབྱེ་བ་འབྱེད་དགོས་སྐོར་གསུངས་སོང་།

ཁོང་སྲིད་སྐྱོང་ལངས་དགོས་པའི་དམིགས་ཡུལ་གསུམ་ཡོད་སྐོར་གསུང་སྐབས། གཅིག སློབ་སྦྱོང་ཅན་དང་བསམ་བློ་ཅན་གཉིས་དབྱེ་གནས་ང་བསམ་བློ་ཅན་ལ་གོ་སྐབས་གནང་དགོས་པ་དང་། ཨ་རི་སོགས་གྲོང་ཁྱེར་རྫིག་པོ་ནང་འཚར་མཁན་གྱིས་མི་མང་གི་དཀའ་ངལ་མཐོང་བ་ལས་སེལ་ཐུབ་རྒྱུ་མེད། ཁོང་མི་མང་དང་སྐྱིད་སྡུག་གཅིག་པ་ཡིན་པས་སྲིད་སྐྱོང་གྲགས་ཤོས་དེ་ཁོང་གིས་བྱེད་ཐུབ་པ། ང་དང་ང་ཚོའི་གཞུང་དགོས་པར་ང་ལུག་རྫི་སློབ་སྦྱོང་བྱེད་མ་མྱོང་མཁན་ལ་འོས་བླུག་དགོས་རེད། གཉིས་པ། ད་ལྟ་སྲིད་སྐྱོང་ལ་ལངས་ཡོད་མཁན་ཚང་མར་དང་པོ་ངའི་བཀའ་ཤག་ནང་གོ་སྐབས་གནང་རྒྱུ་ཡིན་པས། ཁོ་རང་ཚོར་བསམ་ཚུལ་གང་ཡོད་མཉམ་དུ་སྤོང་ཆོག་པ་དང་། འོས་མི་སོ་སོར་རྒྱབ་སྐྱོར་བྱེད་མཁན་ཚོའི་མི་ཡང་བཀའ་ཤག་ནང་བསླེབས་རྒྱུ་རེད། གསུམ་པ། དབང་ཡོད་མཁན་དང་བསམ་བློ་ཡོད་མཁན་གཉིས་ལས། ང་བསམ་བློ་དང་དཔྱད་པ་ཡོད་མཁན་ལ་དབང་ཆ་གནང་རོགས་གསུངས་སོང་། །

གསར་འགོད་པ་ཆོས་ཉིད་འོད་ཟེར།