སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་སོང་།

སྤྱིར་བཙན་བྱོལ་བོད་མི་ཆིག་འབུམ་ལྔ་ཁྲི་ཙམ་ཡོད་པ་ལས་ཐེངས་འདིའི་འོས་འཕེན་པའི་མིང་གཞུང་དེབ་འགོད་བྱེད་མཁན་༩༠༣༧༧ བྱུང་ཡོད་པ་དང་། དེའི་ནང་ནས་འོས་དངོས་སུ་འཕེན་མཁན་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་བཅས་ནས་སྲིད་སྐྱོང་ལ་འོས་འཕེན་པ་ ༥༩༣༥༣ དང་། འོས་རྩིས་མེད་༦༡༣ བོད་མི་མང་སྤྱི་འཐུས་ལ་ ༥༨༦༡༥ བྱུང་བ་ནས་རྩིས་མེད་༥༩༡ བྱུང་ཡོད་པ་རེད།

IMG_0950ཟླ་འདིའི་ཚེས་༢༧ ཉིན་དྷ་ས་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ། དབུས་འོས་བསྡུ་ལས་ཁང་གིས། ༢༠༡༦ ལོའི་བཙན་བྱོལ་བོད་མིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་ཡོད་པ་དང་། དངོས་གཞིའི་སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་ལ་འོས་གྲངས་༢༤༨༦༤ དང་། སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་འོས་གྲངས་ ༣༣༨༧༦ ཐོབ་ནས་སླར་ཡང་སྲིད་སྐྱོང་དུ་འདེམས་ཐོན་བྱུང་ཡོད་པ་རེད།

སྐབས་སྔོན་མ་ལས་འོས་འཕེན་ཇེ་མང་དུ་སོང་ཡོད་པ་དང་།༡༠༡༡ ལོའི་འོས་བསྡུའི་དེབ་སྐྱེལ་བྱེད་མཁན་༨༣༣༩༩ བྱུང་ཡོད་པ་དང། དངོས་སུ་འོས་འཕེན་མཁན་༤༩༡༨༤ བྱུང་ཡོད་པས། སྤྱིའི་དེབ་སྐྱེལ་བྱེད་མཁན་གྱི་ནང་ནས་འོས་འཕེན་མཁན་བརྒྱ་ཆ་༥༨༌༩༧ ཆགས་ཡོད་པ་རེད།

འོས་སྒྲིག་དོན་ཚན་༥༡ ནང་གསེས་༡ ནང་གསལ་ཐོབ་ཁུངས་སོ་སོའི་ཁོངས་ནས་འོས་གྲངས་མང་རིམ་རྩེ་བཏོག་གིས་ཆོལ་ཁ་རེར་ཕོ་མོ་ཁྱད་མེད་བཅུ་རེ་དང། ཆོས་བརྒྱུད་སོ་སོར་མི་གྲངས་གཉིས་རེ། ཡུ་རོབ་དང་ཨ་ཧྥི་རི་ཀའི་ཁུལ་དུ་མི་གྲངས་གཉིས། ལྷོ་བྱང་ཨ་རི་ཁུལ་དུ་མི་གྲངས་གཉིས། རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་ཨོ་སེ་ཀྲེ་ལེ་ཤི་ཡའི་ཁུལ་དུ་མི་གྲངས་གཅིག་བཅས་བོད་མི་མང་སྤྱི་འཐུས་གྲངས་ ༤༥ འོས་འདེམས་བྱུང་ཡོད་པ་རེད།
ཐེངས་འདིའི་གྲོས་ཚོགས་ནང་འཐུས་མི་གསར་པ་༢༤ དང་། རྙིང་པ་༢༡ བསྐྱར་དུ་འདེམས་ཐོན་བྱུང་ཡོད་པ་རེད།

སྐབས་༡༦ བོད་མི་མང་སྤྱི་འཐུས་སུ་འོས་ཐོབ།
དབུས་གཙང་།
༡ ཤར་གླིང་ཟླ་སྒྲོན། ༢ དོན་གྲུབ་བཀྲ་ཤིས། ༣ ཡེ་ཤེས་ཕུན་ཚོགས། ༤ སྒྲོལ་མ་ཚེ་རིང་། ༥ པདྨ་འབྱུང་གནས། ༦ ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར། ༧ བསམ་གཏན་ཆོས་སྒྲོན། ༨ ཟླ་བ་ཕུན་སྐྱིད། ༩ ཟླ་བ་ཚེ་རིང་། ༡༠ མི་འགྱུར་རྡོ་རྗེ།
མདོ་སྟོད།
༡ འཇུ་ཆེན་དཀོན་མཆོག ༢ དབྱངས་ཅན་སྒྲོལ་དཀར། ༣ གསེར་རྟ་ཚུལ་ཁྲིམས། ༤ རྡོ་རྗེ་ཚེ་བརྟན། ༥ དབུ་དཀར་ཚང་གཡུ་སྒྲོན། ༦ དཀོན་མཆོག་ཡར་འཕེལ། ༧ པདྨ་བདེ་ལེགས། ༨ བློ་བཟང་གྲགས་པ། ༩ ངག་དབང་ཐར་པ། ༡༠ བློ་བཟང་ཡེ་ཤེས།
མདོ་སྨད།

༡ ཐུབ་བསྟན་ལུང་རིགས། ༢ བཀྲ་ཤིས་དོན་གྲུབ། ༣ ཚེ་རིང་ལྷ་མོ། ༤ ཡེ་ཤེས་སྒྲོལ་མ། ༥ རྒྱ་རིགས་ཐར། ༦ བློ་བཟང་ཆོས་འབྱོར། ༧ དོན་གྲུབ་བཀྲ་ཤིས། ༨ བསོད་ནམས་ནོར་བུ། ༩ ཀརྨ་དགེ་ལེགས།  ༡༠ ཚེ་རིང་གཡུ་སྒྲོན།

ཨ་རི། པདྨ་ཕྱག་མཛོད་ཚང་། ཚེ་དབང་རིག་འཛིན།
ཡུ་རོབ། ཐུབ་བསྟན་དབང་ཆེན། ཟམ་མདོ་བྱམས་པ་ཚེ་རིང་།
ཨེ་ཤ་དང་ཨོ་སི་ཀྲེ་ལེ་ཤེ་ཡ། གདོང་འདུས་སྐྱིད་འཛོམས།

རྙིང་མ། བསོད་ནམས་བསྟན་འཕེལ། འཇམ་དཔལ་བསྟན་འཛིན།
བཀའ་བརྒྱུད། ཀུན་དགའ་བསོད་སྟོབས། བསྟན་པ་ཡར་འཕེལ།
ས་སྐྱ། ཐུབ་བསྟན་རྒྱལ་མཚན། ཀ་བྲག་དངོས་གྲུབ་བསོད་ནམས།
དགེ་ལུགས། ཨ་ཀྲུག་ཚེ་བརྟན། གོ་བོ་བློ་བཟང་ཕན་བདེ།
བོན་པོ། སྨོན་ལམ་མཐར་ཕྱིན། བ་ར་ཚེ་དབང་བཀྲ་ཤིས།
གསར་འགོད་པ་ཆོས་ཉིད་འོད་ཟེར།