སློབ་གྲྭ་ཁག་གི་བར་རིག་རྩལ་འགྲན་སྡུར།

ཟླ་འདིའི་ཚེས་༡༢ ནས་ཉིན་གཉིས་རིང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཏན་ཉིན་སློབ་གྲྭ་རུ་རྒྱ་གར་ལྷོ་ཕྱོགས་བོད་མིའི་སློབ་གྲྭ་ཁག་གི་རིག་གཞུང་འཁྲབ་བསྟོན་འགྲན་སྡུར་ཞིག་བྱས་ཡོད་པ་རེད།

unnamརྒྱ་གར་གར་ལྷོ་ཕྱོགས་བོད་མིའི་སློབ་གྲྭ་ཁག་གི་བར་རིག་གཞུང་འཁྲབ་སྟོན་འདུ་འཛོམས་དེ་ནི་ལོ་གཉིས་རེའི་མཚམས་སུ་སློབ་གྲྭ་ཁག་གི་ནང་རེས་མོས་བྱས་ནས་འཚོགས་བཞིན་ཡོད་པ་དང་།     མོན་གྷོ་ས་གནས་གཏན་ཉིན་སློབ་གྲྭར་ཟླ་༡༠ ཚེས་༡༢ ཉིན་མོན་གྷོ་ས་གནས་མི་མང་ཚོགས་ཁང་ནང་འགོ་འཛུགས་བྱས་ཡོད་པ་རེད།

དེ་ཡང་ཐེངས་འདིའི་འཁྲབ་སྟོན་འགྲན་སྡུར་གྱི་བྱེད་སྒོའི་ནང་བོད་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་ལུང་ཁག་གི་སྲོལ་རྒྱུན་གླུ་གར་གཞས་སྣ་འཁྲབ་སྟོན་འགྲན་སྡུར་དང་།   སྙན་ཚིག་གྱེར་འདོན། བརྗོད་གཞི་འདྲ་མིན་ཐོག་བགྲོ་གླེང་གཏམ་བཤད་སོགས་ཡོད་པ་རེད།

སློབ་གྲྭ་ཁག་གི་ནང་ཁུལ་རིག་གཞུང་འཁྲབ་སྟོན་གྱི་འདུ་འཛོམས་བྱེད་དགོས་པའི་དམིགས་ཡུལ་དང་དགོས་པ་རྒྱུ་མཚན་གཙོ་བོ་སློབ་ཕྲུག་རྣམས་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་འབྲེལ་བའི་ཡུལ་སྲོལ་གོམས་གཤིས་སོགས་ཀྱི་གོ་རྟོགས་སྤེལ་བའི་ཆེད་དུ་ཡིན་པ་ཡིན་སྐོར་ཐེངས་འདིའི་རིག་གཞུང་འཁྲབ་སྟོན་པའི་མགྲིན་ཚབ་པ་མོན་གྷོ་གཏན་ཉིན་སློབ་གྲྭའི་མཐོ་རིམ་བོད་དགེ་བསོད་ནམས་བག་གྲོས་གསར་འགོད་པར་འགྲེལ་བརྗོད་གནང་སོང་།

unnedདེ་བཞིན་མོན་གྷོ་གཏན་སློབ་གྲྭའི་ཚོགས་ཁང་ནང་སྤྱི་ཚོགས་རིགས་གནས་དང་ཚན་རིག    ཨང་རྩིས་བཅས་ཀྱི་སྐོར་གྱིས་འགྲེམས་སྟོན་ཞིག་ཀྱང་གོ་སྒྲིག་ཞུས་ཡོད་པ་རེད།      ཐེངས་འདིའི་རིག་གཞུང་འཁྲབ་སྟོན་འགྲན་སྡུར་གྱི་ནང་མོན་གྷོ་བོད་མིའི་གཞིས་ཆགས་དང་སྦེལ་ཀོབ།    ཧུན་སུར།   ཀོ་ལི་གྷལ་གཞིས་ཆགས་བཅས་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་གི་ནང་ནས་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭའི་སློབ་ཕྲུག་༢༥༠    ལྔ་བཅུ་ཙམ་མཉམ་ཞུགས་བྱས་ཡོད་པ་རེད།

ཉིན་དང་པོའི་སྔོན་གྲོའི་རིག་གཞུང་འཁྲབ་སྟོན་འགྲན་སྡུར་གྱི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོནགཙོ་བོ་མོན་གྷོ་ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་ཕེབས་ཡོད་པ་དང་། ཉིན་མཐའ་མའི་འཇུག་སྡོམས་མཛད་སྒོར་འགྲན་སྡུར་ནང་མཉམ་ཞུགས་བྱེད་མཁན་རྣམས་ཀྱི་ཨང་རིམ་རྩེར་སོན་ལྟར་བྱ་དགའ་གནང་རྒྱུ་ཡོད་པ་མ་ཟད།     ཨང་རིམ་རྩེར་སོན་དང་པོ་དེ་འདི་ལོའི་ཕྱི་ཟླ་བཅུ་གཅིག་པའི་ནང་རྒྱ་གར་བྱང་ཕྱོགས་དང་ཤར་ཕྱོགས། ལྷོ་ཕྱོགས་གསུམ་ནང་རིག་གཞུང་འཁྲབ་སྟོན་འགྲན་བསྡུར་ཞིག་སིམ་ལར་འཚོགས་ཀྱི་ཡོད་པས། འགྲན་བསྡུར་དེའི་ནང་མཉམ་ཞུགས་ཀྱི་གོ་སྐབས་ཐོབ་ཀྱི་ཡོད་སྐོར་ཡང་འགྲེལ་བརྗོད་གནང་སོང་།།
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲིས།