ཧང་གྷ་རིའི་ནང་རྒྱ་ནག་གི་ཡན་ལག་སློབ་ཆེན་འཛུགས་འཆར་ལ་ངོ་རྒོལ་བྱས་འདུག

ཡུ་རོབ་ཤར་མའི་རྒྱལ་ཁབ་ཧང་གྷི་རི་(Hungary) ཡི་མི་མང་སྟོང་ཕྲག་མང་པོས་རྒྱ་ནག་འགོག་དགོས་དང་།རྒྱལ་ཚོང་ཞེས་བཀོད་པའི་འཕྲེད་དར་ཐོགས་ནས་རྒྱལ་ཁབ་དེའི་རྒྱལ་སར་ཧྥོ་དན་སློབ་ཆེན་(Fudan University) གྱི་ཡན་ལག་འཛུགས་སྐྲུན་བྱེད་པའི་ལས་འཆར་ལ་ངོ་རྒོལ་བྱས་འདུག

ཕྱི་ཟླ་ ཡུ་རོབ་ཀྱི་ཚེས་ ཉིན་མི་མང་སྟོང་ཕྲག་མང་པོ་རྒྱལ་ས་བྷུ་ཌ་པེ་སི་ཏྲི་(Budapest) ཡི་གྲོས་ཚོགས་ཚོགས་ཁང་མདུན་དུ་འཛོམས་ནས་ངོ་རྒོལ་ཤུགས་ཆེན་བྱས་འདུག་ཅིང་། ངོ་རྒོལ་བ་ཚོས་ཐོགས་པའི་འཕྲེད་དར་སྟེང་དུ་རྒྱ་ནག་འགོག་དགོས།དང་།རྒྱལ་ཚོང་།” “ཧྥོ་དན་སློབ་གྲྭ་འཛུགས་མི་ཆོག་ལ་སོགས་པའི་འབོད་ཚིག་བཀོད་འདུག

ད་ལོའི་ཕྱི་ཟླ་ པའི་ནང་ཧང་གྷ་རིའི་སྲིད་གཞུང་གིས་རྒྱ་ནག་དང་མཉམ་དུ་ ༢༠༢༤ ནང་ཚུན་ལ་ཧང་གྷི་རིའི་རྒྱལ་སར་ཧྥོ་དན་སློབ་ཆེན་(Fudan University) གྱི་ཡན་ལག་ཆེན་པོ་ཞིག་འཛུགས་སྐྲུན་བྱ་རྒྱུའི་ལས་འཆར་ལ་མཚན་རྟགས་བཀོད་པར་བརྟེན། ཕྱོགས་འགལ་ཆབ་སྲིད་མི་སྣ་དང་། མི་མང་རྣམས་ཀྱིས་སྲིད་བློན་ཝིག་ཋོརཨར་བྷན་(Viktor Orban) ལ་རྒྱ་ནག་དང་བསྟུན་རྒྱུ་མང་དྲགས་པའི་སྐྱོན་བརྗོད་དང་། ལས་འཆར་དེ་ལ་བརྟེན་ནས་ཧང་གྷི་རིའི་ནང་དུ་རྒྱ་ནག་གི་དབང་ཤུགས་ཆེ་རུ་འགྲོ་བའི་འཇིགས་སྣང་བྱེད་ཀྱིན་ཡོད་འདུག

གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་དེའི་ཐོག ལོ་ན་ ༢༢ ལ་སོན་པའི་སློབ་མ་མིང་བརྗོད་འདོད་མེད་པ་ཞིག་གིས་ང་ཚོའི་རྒྱལ་ཁབ་ཀྱིས་རྒྱ་ནག་དང་ལྷན་དུ་ཞིང་བྲན་ལམ་ལུགས་ཀྱི་འབྲེལ་ལམ་ཟབ་ཏུ་གཏོང་བཞིན་པ་དེར་ང་རང་ལ་མོས་མཐུན་མེད་ཅེས་བརྗོད་པའི་ཁར། མ་དངུལ་རྣམས་རྒྱ་ནག་གི་སློབ་ཆེན་ཞིག་འཛུགས་སྐྲུན་བྱེད་རྒྱུའི་ཐོག་ཏུ་གཏོང་རྒྱུའི་ཚབ་ཏུ་ང་ཚོ་རང་ཉིད་ཀྱི་སློབ་ཆེན་ཡར་རྒྱས་གཏོང་རྒྱུའི་ཐོག་གཏོང་དགོས་ཞེས་བསྣན་འདུག

སྲིད་གཞུང་གི་ལས་འཆར་དེར་ངོ་རྒོལ་བྱེད་པའི་ཆེད། བདུན་ཕྲག་གོང་མར་བྷུ་ཌ་པེ་སི་ཏྲིའི་གྲོང་ཁྱེར་སྤྱི་ཁྱབ་དཔོན་སྐུ་ཞབས་ཀ་རག་སོ་ནེ་(Gergely Karacsony) ཡིས་སློབ་ཆེན་འཛུགས་སྐྲུན་བྱེད་སའི་ས་ཁུལ་གྱི་གཞུང་ལམ་བཞིའི་མིང་བརྗེས་ཏེ་ཏཱ་ལའི་བླ་མ་ལམ་དང་།ཡུ་གུར་དཔའ་བོ་ལམ།” “ཧོང་ཀོང་རང་དབང་ལམ།” “ཆོས་དཔོན་ཤིན་གྷོན་ལམ་ཞེས་མིང་གསར་པ་བཏགས་ཡོད།

གཞུང་ལམ་གྱི་མིང་བརྗེ་སྒྱུར་བྱས་པའི་གནད་དོན་དེའི་ཐད་ལ། གྲོང་ཁྱེར་སྤྱི་ཁྱབ་དཔོན་ཁོང་གིསང་ཚོས་ད་དུང་ཡང་[སྲིད་གཞུང་གིས་]སློབ་གྲྭ་འཛུགས་པའི་ལས་འཆར་དེ་མི་སྒྲུབ་པའི་རེ་བ་བྱེད་ཀྱི་ཡོད། ཡིན་ན་ཡང་། གལ་སྲིད་དངོས་སུ་སྒྲུབ་པ་ཡིན་ན། ཁོ་ཚོས་གཞུང་ལམ་གྱི་མིང་འདི་དག་བེད་སྤྱོད་གཏོང་དགོས་པ་ཆགས་ཡོད་ཅེས་བཤད་འདུག

གསར་འགོད་དཀོན་མཆོག་རབ་བརྟན།