ཧིན་སྒོར་ཉིས་སྟོང་ལོར་རྫུན་མ་མང་པོ་ཐོན་བཞིན་པ།

རྒྱ་གར་གྱི་མོ་ཌི་སྲིད་གཞུང་གིས་རྒྱལ་ནང་དུ་ལྐོག་ཟ་རུལ་སུངས་སོགས་མེད་པ་བཟོ་ཆེད། ཧིན་སྒོར་༥༠༠ དང་༡༠༠༠ ལོར་བེད་སྤྱོད་མེད་པ་བཟོས་ནས། དངུལ་ལོར་༢༠༠༠ དང་༥༠༠ གསར་དུ་བསྣན་ཡོད་ཀྱང་། དེང་གི་ཆར་རྒྱ་གར་ནང་ཧིན་སྒོར་༢༠༠༠ ལོར་རྫུན་མ་མང་པོ་ཐོན་བཞིན་ཡོད་འདུག

15151592_1322836721073527_841239807_nདེ་ཡང་ཟླ་འདིའི་ཚེས་༢༢ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། རྒྱ་གར་བྱང་ཤར་མངའ་སྡེ་ཨུ་ཌི་ཤའི་ནང་དུ། ཉེན་རྟོག་པས་མི་ཞིག་གི་ལག་ནས་ཧིན་སྒོར་༢༠༠༠ ལོར་རྫུན་མ་འབུམ་བཞི་ལྷག་འཇུས་ཡོད་པ་དང་། དངུལ་ལོར་དེ་དག་ནི་ཉིས་སྟོང་ལོར་ངོ་མའི་ཚོན་ལྡན་གྱི་འདྲ་བཤུས་ཡིན་འདུག

དེ་བཞིན་ཟླ་འདིའི་ཚེས་༢༠ ཉིན་རྒྱ་གར་གྱི་མུམ་བྷེ་ནང་དུ་མི་ཞིག་གིས་ཧིན་སྒོར་༢༠༠༠ ཡི་ཚོན་ལྡན་འདྲ་བཤུས་ཁྱེར་ཏེ་ཆང་རག་ཉོ་བར་སླེབས་འདུག་པས། ཚོང་ཁང་བདག་པོས་དངུལ་ལོར་རྫུན་མ་ངོས་འཛིན་ཐུབ་ནས། མི་དེ་ཉེན་རྟོག་པར་རྩིས་སྤྲོད་བྱས་ཡོད་འདུག དེ་ཡང་ཉིན་དེའི་སྔོན་གྱི་ཉིན་གཉིས་སྔོན་མུམ་བྷའི་ནང་དུ་མི་ཞིག་གིས་ཆང་རག་ཚོང་ཁང་ཞིག་ལས། ཧིན་སྒོར་ཉིས་སྟོང་རྫུན་མས་ཆང་རག་ཉོས་ཏེ་མགོ་སྐོར་བཏང་བའི་གནས་ཚུལ་བྱུང་ཡོད་འདུག

དེ་བཞིན་རྒྱ་གར་གྱི་པན་ཇབ་མངའ་སྡེ་སོགས་མང་པོ་ཞིག་ནང་། ཧིན་སྒོར་ཉིས་སྟོང་རྫུན་མ་པར་སྐྲུན་བྱེད་མཁན་དང་བེད་སྤྱོད་གཏོང་མཁན་འཛིན་བཟུང་བྱུང་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།